དཀར་ཟས་ཀྱི་སྐོར་ཇི་ལྟར་ལས་པ་ངོ་སྤྲོད།
དྭངས་གཙང་ཁ་ཚ།
རྒྱུ་ཆ། འོ་མ་སོས་པ་རྒྱ་མ5དང་། ཕྱུར་ཁུའམ་ཚུའུ་དཀར་པོ་ཕྲན་བུ། ཚྭ་དང་། སུར་པན་ཞིབ་ཞིབ། ཕོ་རིལ་བཅས་འོས་འཚམས་དགོས།
བཟོ་སྟངས། འོ་མ་བསྐོལ་རྗེས་ཕྱུར་ཁའམ་ཚུའུ་དཀར་པོ་ཕྲན་བུ་བླུགས་ནས་འོ་མ་བསད་དེ་ཕྱུ་ར་བཟོ་རྒྱུ། དེ་རྗེས་སང་རས་ནང་ཕྱུ་ར་བླུགས་ཏེ་རྡོ་ལེབ་གཉིས་ཀྱི་བར་བཙིར་ནས་ལྷེབ་ལྷེབ་གཏུབས་ཏེ་དཀར་ཡོལ་ལམ་དུ་དུང་ཕན་ནང་བཏོན་ཐོག་ཚྭ་དང་། སུར་པན་ཞིབ་ཞིབ། ཕོ་རིལ་བཅས་བླུགས་ནས་མཉམ་བསྲེས་གཏོང་རྒྱུ།
ཚལ་རྐང་གྲང་ཚལ།
རྒྱུ་ཆ། པོ་ཚལ་ཁེ250དང་། སྣུམ་ཁེ50། ཚྭ་དང་། བཙོང་། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། པོ་ཚལ་ཁ་ཕྲལ་ཏེ་ལོ་མ་བཀོག་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་པོ་ཚལ་ཐོག་ཚྭ་དང་། བཙོང་། ཤ་སྨན། སྣུམ་བཙག་བཅད་པ་བཅས་བླུགས་ནས་མཉམ་བསྲེས་གཏོང་རྒྱུ།
སྨར་ཁམས་མོག་རོ་གྲང་ཚལ།
རྒྱུ་ཆ། མོག་རོ་རྒྱ་མ1དང་། བྱེ་མ་ཀ་ར་ཁེ10། ཚྭ་དང་། བཙོང་། སྒོག་པ། ལྒ་སྨུག ཚུའུ། ལྗང་ཡུའུ། སུར་པན། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། མོག་རོ་ཆུ་བཙོས་རྒྱག་རྒྱུ། དེ་རྗེས་མོག་རོའི་ནང་ཚྭ་དང་། བཙོང་། སྒོག་པ། ལྒ་སྨུག བྱེ་མ་ཀ་ར། སུར་པན། ཤ་སྨན། ཚུའུ། ལྗང་ཡུའུ་བཅས་བླུགས་ནས་མཉམ་བསྲེས་གཏོང་རྒྱུ།
ཨོའོ་སུན་གྲང་ཚལ།
རྒྱུ་ཆ། ཨོའོ་སུན་ཁེ150དང་། ཚྭ་དང་། བཙོང་། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། ཨོའོ་སུན་ལྷེབ་ལྷེབ་རིང་ཙམ་གཏུབས་ནས་ཚྭ་ཕྲན་བུ་བླུགས་ཏེ་བསྙལ་རྒྱུ། དེ་རྗེས་ཨོའོ་སུན་ནང་ཚྭ་དང་། བཙོང་། ཤ་སྨན་བཅས་བླུགས་ནས་མཉམ་བསྲེས་གཏོང་རྒྱུ།
ཞོ་ལབ་དཔལ་འཛོམས།
རྒྱུ་ཆ། ཞོ་ཁེ100དང་། ལ་ཕུག་དཀར་པོ་ཁེ150། སྣུམ་ཁེ50། ཚྭ་དང་། སུར་པན་ཞིབ་ཞིབ། བསོད་ནམས་དཔལ་འཛོམས། ལྒ་སྨུག ཕོ་རིལ། ཟི་ར་བཅས་འོས་འཚམས་དགོས།
བཟོ་སྟངས། ལ་ཕུག་པགས་པ་བཤུས་ཏེ་སིལ་སིལ་གཏུབས་ནས་ཚྭ་ཕྲན་བུ་རྒྱག་རྒྱུ། དེ་རྗེས་ལ་ཕུག་དང་། བསོད་ནམས་དཔལ་འཛོམས། ཕོ་རིལ། ལྒ་སྨུག ཟི་ར། སུར་པན་ཞིབ་ཞིབ། ཞོ། སྣུམ་བཙག་བཅད་པ་བཅས་མཉམ་དུ་བསྲེས་ནས་གྲང་ཚལ་བཟོ་རྒྱུ།
ཧོང་ཀྭ་གྲང་ཚལ།
རྒྱུ་ཆ། ཧོང་ཀྭ་ཁེ120དང་། སྣུམ་ཁེ50། ཚྭ་དང་། ལྒ་སྨུག སུར་པན་གང་བུ་ཆུ་སྦང་། གཡེར་མ། ཤ་སྨན། བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས། ཧོང་ཀྭ་ལྷེབ་ལྷེབ་བམ་སིལ་སིལ་གང་རུང་གཏུབས་ནས་ཚྭ་བརྒྱབ་སྟེ་བསྙལ་རྒྱུ། དེ་རྗེས་ཧོང་ཀྭ་དང་། ལྒ་སྨུག བཙོང་། ཤ་སྨན། གཡེར་མ། སུར་པན་གང་བུ་ཆུ་སྦང་བཅས་ཀྱི་ཐོག་སྣུམ་བཙག་བཅད་པ་བླུགས་ཏེ་མཉམ་བསྲེས་གཏོང་རྒྱུ།
ལ་ལ་གྲང་ཚལ།
རྒྱུ་ཆ། ལ་ལ་སོས་པ་ཁེ200དང་། ཚྭ་དང་། སུར་པན། བསོད་ནམས་དཔལ་འཛོམས་བཅས་འོས་འཚམས་དགོས།
བཟོ་སྟངས། ལ་ལ་ཏི་ཀ་ལྷེབ་ལྷེབ་གཏུབས་རྗེས་ཚྭ་དང་། སུར་པན། བསོད་ནམས་དཔལ་འཛོམས་བཅས་ཀྱི་སུར་པན་དམར་ལྡུར་བཟོས་ནས་ལ་ལ་དང་མཉམ་དུ་མཆོད་རྒྱུ།
དྭངས་གཙང་དཀར་ཟས།
རྒྱུ་ཆ། འོ་མ་སོས་པ་རྒྱ་མ5དང་། མར་ཁེ100། བྱེ་མ་ཀ་ར་ཁེ50། ཕྱུར་ཁུའམ་ཚུའུ་དཀར་པོ་ཕྲན་བུ། ཕིང་རྩམ་ཆུ་སྦང་བཅས་འོས་འཚམས་དགོས།
བཟོ་སྟངས། སོ་མ་བསྐོལ་ནས་དེའི་ཐོག་ཕྱུར་ཁའམ་ཚུའུ་དཀར་པོ་ཕྲན་བུ་བླུགས་ནས་འོ་མ་བསད་དེ་ཕྱུ་ར་བཟོས་རྗེས་སང་རས་ནང་བླུགས་ཏེ་རྡོ་ལེབ་གཉིས་ཀྱི་དབར་བཙིར་ནས་ཏི་ཀ་ལྷེབ་ལྷེབ་གཏུབས་ཏེ་སྡེར་མའི་ནང་འདོན་རྒྱུ། དེ་རྗེས་ཕྱུ་རའི་ཐོག་མར་དང་འོ་མ་བླུགས་ཏེ་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ། མཇུག་ཏུ་སྡེར་མའི་ནང་གི་མར་ཁུ་དང་འོ་མ་ཚལ་སླང་ནང་བླུགས་ནས་བྱེ་མ་ཀ་ར་དང་ཕིང་རྩམ་ཆུ་སྦང་བླུགས་ཏེ་བསྐོལ་ཙམ་བྱས་ནས་སྡེར་མའི་ནང་གི་ཕྱུ་རའི་ཐོག་བླུག་རྒྱུ།
ལ་གསུམ་སྟར་བརྔོས།
རྒྱུ་ཆ། སྟར་ཁའི་ནང་རྩི་ཁེ100དང་། ལ་ཕུག་དཀར་པོ་ཁེ50། ཨོའོ་སུན་ཁེ50། ལབ་སེར་ཁེ50། མར་རམ་སྣུམ་ཁེ50། ལྒ་སྨུག་དང་། ཚྭ། ཕོ་རིལ། སུར་པན་གང་བུ་ཆུ་སྦང་། བཙོང་། ཕིང་རྩམ་ཆུ་སྦང་བཅས་འོས་འཚམས་དགོས།
བཟོ་སྟངས། སྟར་ཁའི་ནང་རྩི་ཆུའི་ནང་སྦངས་ནས་པགས་པ་བཤུ་རྒྱུ་དང་། ལབ་དཀར་དང་། ལབ་སེར། ཨོའོ་སུན་བཅས་པགས་པ་བཤུས་ཏེ་གཏུབས་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་མར་རམ་སྣུམ་གང་རུང་བཙག་བཅད་དེ་ལྒ་སྨུག་དང་། ཚྭ། སུར་པན་གང་བུ་ཆུ་སྦང་། ཕོ་རིལ་བཅས་བླུགས་ནས་བརྔོས་རྗེས་ཆུ་ཕྲན་བུ་བླུགས་ཐོག་སྟར་ཁའི་ནང་རྩི་དང་། ལབ་དཀར། ལབ་སེར། ཨོའོ་སུན། བཙོང་བཅས་བླུགས་ཏེ་བརྔོ་རྒྱུ་མ་ཟད། མཇུག་ཏུ་ཕིང་རྩམ་ཆུ་སྦང་བླུག་རྒྱུ།
ཞོག་སིལ་བརྔོས་མ།
རྒྱུ་ཆ། ཞོག་ཁོག་ཁེ150དང་། སྣུམ་ཁེ100། སུར་པན་གང་བུ་དང་། གཡེར་མ། ཚྭ། བཙོང་། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། ཞོག་ཁོག་སིལ་སིལ་གཏུབས་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་སུར་པན་གང་བུ་དང་གཡེར་མ་བཀྲག་ཐོག་ཞོག་ཁོག་དང་། ཚྭ། བཙོང་བཅས་བརྒྱབ་ནས་བརྔོ་རྒྱུ་མ་ཟད། ཞོག་ཁོག་ཚོས་ཁར་ཤ་སྨན་རྒྱག་རྒྱུ།
ཀོ་པི་འོ་བཙོས།
རྒྱུ་ཆ། ཀོ་པི་ཁེ100དང་། འོ་མ་རྒྱ་མ1། ཚྭ་འོས་འཚམས་བཅས་དགོས།
བཟོ་སྟངས། ཀོ་པི་ཁ་ཕྲལ་ནས་གཏུབས་ཏེ་ཁུ་བ་ཞུ་རྒྱུ། དེ་རྗེས་འོ་མའི་ནང་ཀོ་པི་དང་ཚྭ་ཕྲན་བུ་བླུགས་ནས་བཙོས་ཏེ་ཁུ་བ་མཉམ་དུ་མཆོད་ན་རོ་བཅུད་ཤིན་ཏུ་ཆེ།
སྟར་ཁ་བརྔོས་མ།
རྒྱུ་ཆ། སྟར་ཁའི་ནང་རྩི་ཁེ100དང་། བྱེ་མ་ཀ་ར་ཁེ100། སྣུམ་ཁེ100། ཏིལ་དཀར་པོ་འོས་འཚམས་བཅས་དགོས།
བཟོ་སྟངས། ཚལ་སླང་ནང་སྣུམ་བཙག་བཅད་དེ་སྟར་ཁའི་ནང་རྩི་བཀྲག་རྒྱུ། དེ་རྗེས་ཚལ་སླང་ནང་བྱེ་མ་ཀ་ར་བཞུར་ནས་ཆུ་ཕྲན་བུ་བླུགས་རྗེས་སྟར་ཁའི་ནང་རྩི་དང་ཏིལ་དཀར་པོ་བླུགས་ནས་མཉམ་དུ་བརྔོ་ཙམ་བྱ་རྒྱུ།
སྟར་ཁ་ཞོག་སྦྱར།
རྒྱུ་ཆ། ཞོག་ཁོག་ཁེ200དང་། སྟར་ཁའི་ནང་རྩི་ཁེ50། སྣུམ་རྒྱ་མ2། ཚྭ་དང་། ཟི་ར། བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས། ཞོག་ཁོག་བཙོས་ནས་པགས་པ་བཤུས་རྗེས་བརྫིས་བརྒྱབ་སྟེ་ལེབ་ལེབ་བཟོ་རྒྱུ། དེ་རྗེས་སྟར་ཁའི་ནང་རྩི་དང་། ཚྭ། ཟི་ར། བཙོང་བཅས་མཉམ་དུ་བསྲེས་ནས་ཞོག་ཁོག་ངོས་སུ་སྦྱར་ཏེ་སྣུམ་ནང་བཀྲག་རྒྱུ།
ཞོག་ཁོག་ཁ་ཚ།
རྒྱུ་ཆ། ཞོག་ཁོག་ཁེ200དང་། སྣུམ་ཁེ75། ལྒ་སེར་དང་། སུར་པན། ཟི་ར། ཚྭ། བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས། ཞོག་ཁོག་ལྷེབ་ལྷེབ་གཏུབས་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ལྒ་སེར་ལྷང་འབུད་བཏང་ཐོག་བཙོང་དང་། ཞོག་ཁོག ཚྭ། ཟི་ར། སུར་པན། ཆུ་ཕྲན་བུ་བཅས་བླུགས་ནས་བརྔོ་རྒྱུ།
ཞོག་རིལ་ཁ་ཚ།
རྒྱུ་ཆ། ཞོག་ཁོག་ཁེ150དང་། སྣུམ་ཁེ75། ལྒ་སེར་དང་། སུར་པན་ཞིབ་ཞིབ། ཟི་ར། ཚྭ། བཙོང་བཅས་འོས་འཚམས་དགོས།
བཟོ་སྟངས། ཞོག་ཁོག་རྡོག་རིལ་ཁུ་བ་རོབ་ཙམ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ལྒ་སེར་ལྷང་འབུད་བཏང་ཐོག་བཙོང་དང་། ཞོག་ཁོག ཚྭ། ཟི་ར། སུར་པན་ཞིབ་ཞིབ། ཆུ་ཕྲན་བུ་བཅས་བླུགས་ནས་བརྔོ་རྒྱུ།
སེར་ཤ་གསུམ་བསྲེས།
རྒྱུ་ཆ། སེར་ཤ་ཁེ100དང་། ཨོའོ་སུན་ཁེ50། ལབ་སེར་ཁེ50། སྣུམ་ཁེ50། ཚྭ་དང་། སྒོག་པ། ལྒ་སྨུག བཙོང་། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། ཨོའོ་སུན་དང་། ལབ་སེར། སེར་ཤ་བཅས་གྲུ་བཞི་ནར་མོ་གཏུབས་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ཚྭ་དང་། ལྒ་སྨུག སྒོག་པ། སེར་ཤ ཨོའོ་སུན། ལབ་སེར་བཅས་བླུགས་ནས་བརྔོས་ཐོག་བཙོང་དང་ཤ་སྨན་རྒྱག་རྒྱུ།
དཀར་ཟས་ཚལ་དཀར།
རྒྱུ་ཆ། ལན་ཀྭ་ཁེ200དང་། སྣུམ་ཁེ75། ཚྭ་དང་། བཙོང་། ཤ་སྨན། ལྒ་སྨུག་བཅས་འོས་འཚམས་དགོས།
བཟོ་སྟངས། ལན་ཀྭ་ལྷེབ་ལྷེབ་གཏུབས་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ལྒ་སྨུག་དང་། ཚྭ། བཙོང་། ལན་ཀྭ ཤ་སྨན་བཅས་བླུགས་ནས་མཉམ་དུ་བརྔོ་རྒྱུ།
ཀྲུ་མ་ཀྲུ་ཨ་ཙ་ར།
རྒྱུ་ཆ། ཀྲུ་མ་ཀྲུ་ཁེ300དང་། སྣུམ་ཁེ100། ལྒ་སྨུག་དང་། ཚྭ། ཟི་ར། བཙོང་། སུར་པན་ཞིབ་ཞིབ། ལྒ་སེར། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། ཀྲུ་མ་ཀྲུ་ཞིབ་ཞིབ་བཙབ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ལྒ་སེར་ལྷང་འབུད་བཏང་ཐོག་ལྒ་སྨུག་དང་། བཙོང་། ཟི་ར། ཀྲུ་མ་ཀྲུ་བཅས་བླུགས་ནས་བརྔོ་རྒྱུ། མཇུག་ཏུ་ཚྭ་དང་། སུར་པན། ཤ་སྨན་བཅས་བླུག་རྒྱུ།
སེར་ཤ་རླངས་བཙོས།
རྒྱུ་ཆ། སེར་ཤ་ཁེ300དང་། ཀྲུ་མ་ཀྲུ་ཁེ50། མར་ཁེ100། ཚྭ་དང་། ཕིང་རྩམ་ཆུ་སྦང་། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། སེར་ཤ་རྡོག་ཙམ་རྡོག་ཙམ་གཏུབས་ནས་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ་དང་། ཀྲུ་མ་ཀྲུ་ཞིབ་ཞིབ་བཙབ་རྒྱུ། དེ་རྗེས་ཚལ་སླང་ནང་མར་བཞུར་ནས་ཚྭ་དང་། ཕིང་རྩམ་ཆུ་སྦང་། ཤ་སྨན། ཆུ་ཕྲན་བུ་བཅས་བླུགས་ནས་བསྐོལ་རྗེས་སེར་ཤའི་གཞོགས་གཅིག་ལ་བླུག་རྒྱུ་དང་། ཀྲུ་མ་ཀྲུ་མར་ཁུའི་ནང་བརྔོས་ནས་ཚྭ་དང་ཤ་སྨན་བརྒྱབ་རྗེས་སེར་ཤའི་གཞོགས་གཅིག་ལ་བླུག་རྒྱུ།
ཆེ་ཙི་དང་ཀྲུ་མ་ཀྲུ་བརྔོས་མ།
རྒྱུ་ཆ། ཆེ་ཙི་ཁེ100དང་། ཀྲུ་མ་ཀྲུ་ཁེ150། བྱེ་མ་ཀ་ར་ཁེ10། སྣུམ་རྒྱ་མ5། ཚྭ་དང་། སུར་པན་གང་བུ། གཡེར་མ། ལྒ་སྨུག བཙོང་། སྒོག་པ། ཚུའུ། ཤ་སྨན་བཅས་འོས་འཚམས་དགོས།
བཟོ་སྟངས། ཆེ་ཙི་དང་ཀྲུ་མ་ཀྲུ་ཆེ་ཆུང་འདྲ་བ་གཏུབས་ནས་ཆེ་ཙི་སྣུམ་ནང་བཀྲག་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་ཀྲུ་མ་ཀྲུ་དང་། ཚྭ། ལྒ་སྨུག སྒོག་པ། གཡེར་མ། སུར་པན་གང་བུ། ཚུའུ། བྱེ་མ་ཀ་ར་བཅས་བླུགས་ནས་མཉམ་དུ་བརྔོས་ཐོག་ཆེ་ཙི་བླུགས་ནས་བརྔོ་ཙམ་བྱ་རྒྱུ་མ་ཟད། མཇུག་ཏུ་བཙོང་དང་ཤ་སྨན་རྒྱག་རྒྱུ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com