༄༅།།མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་དམངས་ཁྲོད་ནས་གེ་སར་སྒྲུང་དཔེ་འཚོལ་སྡུད་བྱས་པ།

རྩོམ་པ་པོ།:ཆབ་འགག་ཇོ་རུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-11-25 09:37:46 ཀློག་གྲངས།:
      ཟླ༡༡པའི་ཚེས༩ཉིན་ནས་ཚེས༡༢ཉིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གེ་སར་སྒྲུང་གི་སྐོར་ལ་གནང་བའི་གལ་ཆེའི་གསུང་བཤད་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། མུ་མཐུད་དུ་གེ་སར་རིག་གནས་སྔོག་འདོན་དང་། རྒྱུན་འཛིན། སྲུང་སྐྱོབ་ལེགས་པོ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་མི་སྣས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྲག་དཀར་རྫོང་དང་གསེར་ཆེན་རྫོང་དུ་སོང་སྟེ་ཡུལ་དངོས་རྟོག་ཞིབ་དང་དམངས་ཁྲོད་ཀྱི་གེ་སར་སྒྲུང་དཔེ་འཚོལ་སྡུད་བྱས།
ཆུ་ཁོལ་ཡུལ་ཚོའི་ཁྲོ་ཐུང་གི་སྐུ་བརྙན།
ཆུ་ཁོལ་ཡུལ་ཚོ་ནས་བཅར་འདྲི་བྱེད་བཞིན་པ།
      ཡུལ་དངོས་རྟོག་ཞིབ་སྐབས་སུ། བྲག་དཀར་རྫོང་གི་དཔལ་ཁ་དང་ཆུ་ཁོལ་ཡུལ་ཚོ། རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་སོགས་སུ་གེ་སར་སྒྲུང་པ་དང་རིག་གནས་ལས་བྱེད་མི་སྣ་སོགས་ལ་བཅར་འདྲི་དང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཡུལ་དེའི་གེ་སར་རིག་གནས་སྲུང་སྐྱོབ་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ས་དེར་ཁྱབ་པའི་གེ་སར་སྒྲུང་དཔེ་ལག་བྲིས་མ་རྩྭ་ར་པདྨ་སྟོང་ལྡན་སོགས་འཚོལ་སྡུད་བྱས་ཤིང་། དམངས་ཁྲོད་དུ་ཁྱབ་པའི་སྒྲུང་དཔེ་གཞན་གྱི་ཁུངས་སྣེའང་རྙེད། དེ་མིན། རྟོག་ཞིབ་ཚོགས་པས་མཚོ་སྔོན་པོ་བྱེ་མ་ལ་བདུན་ནས་གེ་སར་སྒྲུང་དང་འབྲེལ་བའི་ཤུལ་རྟེན་དང་ཤུལ་རྫས་སོགས་སྲུང་སྐྱོབ་བྱས་པའི་གནས་ཚུལ་ལའང་རྒྱུས་ལོན་ཟབ་མོ་བྱས།
རྟོག་ཞིབ་མི་སྣས་བྲག་དཀར་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་སུ་རྒྱུས་ལོན་བྱེད་བཞིན་པ།
མཉམ་པར།
མཚོ་སྔོན་པོ་བྱེ་མ་ལ་བདུན་གྱི་གེ་སར་རྒྱལ་པོའི་སྐུ་བརྙན།
མཚོ་སྔོན་པོ་བྱེ་མ་ལ་བདུན་གྱི་གེ་སར་འགྲེམ་སྟོན་ཁང་།
མཚོ་སྔོན་པོ་བྱེ་མ་ལ་བདུན་གྱི་གེ་སར་འགྲེམ་སྟོན་ཁང་ནས་རྟོག་ཞིབ་བྱེད་བཞིན་པ།
      ཐེངས་འདིའི་ཡུལ་དངོས་རྟོག་ཞིབ་ལ་བརྟེན་ནས་རོང་འབྲོག་ས་ཁུལ་གྱི་གེ་སར་རིག་གནས་སྔོག་འདོན་དང་། སྲུང་སྐྱོབ། འཕེལ་རྒྱས་གཏོང་བ་དང་། དམངས་ཁྲོད་ཀྱི་གེ་སར་སྒྲུང་པ་གསོ་སྐྱོང་བྱེད་པ། འབྲེལ་ཡོད་མི་སྣས་གེ་སར་སྒྲུང་དཔེ་འཚོལ་སྡུད་དང་དག་སྒྲིག་བྱེད་པར་སྐུལ་ལྕག་གཏོང་བ་སོགས་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ནོ། ། 
མཉམ་པར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།