ལས་རྨས་འགན་བཅོལ་དང་སྨན་བཅོས་འགན་བཅོལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས། དུས་ཚོད།:2011-01-20 09:52:00 ཀློག་གྲངས།:

  ལས་རྨས་ཀྱི་འགན་བཅོལ་ཞེས་པ་ནི་ངལ་རྩོལ་པས་ཐོན་སྐྱེད་ངལ་རྩོལ་བྱེད་པའམ་ཡང་ན་དེ་དང་འབྲེལ་བ་ཡོད་པའི་ལས་ཀ་བྱེད་སྐབས་བསམ་ཡུལ་ལས་འདས་པའི་གོད་ཆགས་དང་གནོད་པ་བྱུང་བ་དཔེར་ན།   ལས་འཛོལ་གྱི་རྨས་སྐྱོན་དང་ལས་རིགས་ཀྱི་ནད་ཚུད་པ་དང་།   དེ་བཞིན་གནས་ཚུལ་རིགས་དེ་གཉིས་ཀྱི་རྐྱེན་པས་ཤི་སྐྱོན་བྱུང་བར།   སྲིད་གཞུང་གིས་ངལ་རྩོལ་པ་མི་སྒེར་རམ་ཡང་ན་གསོ་མཁན་གདུང་རྒྱུད་གཉེན་ཉེར་དངོས་པོའི་རོགས་རམ་བྱེད་པའི་སྤྱི་ཚོགས་ཀྱི་ཕན་བདེའི་ལམ་ལུགས་ཤིག་ཡིན་ཞིང་།   ད་ལྟ་ལག་ལེན་བསྟར་བཞིན་པའི་གཏན་འབེབས་ལྟར་ན།   ལས་རྨས་འགན་བཅོལ་བྱེད་དངུལ་ནི་མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་སྤྱི་ཚོགས་ཀྱི་འགན་བཅོལ་ལས་ཁུངས་ལ་འཇལ་བ་དང་།   སྲིད་གཞུང་གིས་ཁྲལ་བསྡུའི་ཐད་གཟིགས་སྐྱོང་གནང་བ།   ལས་བཟོ་པ་སྒེར་གྱིས་འཇལ་སྤྲོད་བྱེད་མི་དགོས་པ་རེད།
  སྨན་བཅོས་འགན་བཅོལ་ཞེས་པ་ནི་ངལ་རྩོལ་པ་ནད་ཀྱིས་མནར་ནས་སྨན་བཅོས་བྱ་དགོས་པའི་སྐབས་སུ།   དེར་སྲིད་གཞུང་གིས་སྨན་བཅོས་ཞབས་ཞུ་དགོས་ངེས་འདོན་སྤྲོད་བྱེད་པའི་སྤྱི་ཚོགས་ཀྱི་ཕན་བདེའི་ལམ་ལུགས་ཤིག་ཡིན།   སྲིད་གཞུང་གིས་སྨན་བཅོས་འགན་བཅོལ་ཐེབས་རྩ་འཛུགས་པ་དང་།   ཉིད་ཀྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་རྣམ་པའི་ཐོག་ནས་གྲོན་དངུལ་ཆ་ཤས་གཏོང་འགན་འཁུར་བ་དང་།   ལས་བཟོ་པ་དང་མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་ཕོགས་ཐོབ་ཡོང་འབབ་ཀྱི་སྡུར་ཚད་མི་འདྲ་བར་གཞིགས་ཏེ་ཟླ་རེར་སྤྱི་ཚོགས་ཀྱི་འགན་བཅོལ་གཉེར་སྐྱོང་ལས་ཁུངས་ལ་གྲོན་དངུལ་འཇལ་བ༼ལས་བཟོ་པ་ལས་འཁྱུར་ངལ་གསོ་བྱས་པའི་རྗེས་ལ་གྲོན་དངུལ་འཇལ་མི་དགོས་པ༽ཞིག་ཡིན།  
  སྨན་བཅོས་འགན་བཅོལ་ནི་སྤྱི་ཚོགས་ཀྱིས་གཅིག་འགྱུར་ཐོག་འཆར་འགོད་དང་སྒེར་གྱི་རྩིས་ཐོ་ཟུང་འབྲེལ་བྱེད་པ་དང་།   ལས་བཟོ་པས་གྲོན་དངུལ་འཇལ་རིགས་ཡོངས་རྫོགས་དང་མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་གྱིས་གྲོན་དངུལ་འཇལ་བའི་ཆ་ཤས་ཤིག་ལས་བཟོ་པ་སྒེར་གྱི་རྩིས་ཐོར་བཀོད་ནས་ལས་བཟོ་པ་རང་ཉིད་ཀྱི་སྨན་བཅོས་ཞབས་ཞུ་ཕལ་པར་སྤྱོད་པ་དང་།   དེ་བྱིངས་ཀྱི་ཐེབས་རྩ་ནི་སྤྱི་ཚོགས་ཀྱི་གཅིག་འགྱུར་འཆར་འགོད་དུ་བརྩིས་ནས་འགན་བཅོལ་དུ་ཞུགས་མི་ཡོངས་ཀྱི་དམིགས་བསལ་སྨན་བཅོས་ཞབས་ཞུར་སྤྱོད་དགོས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།