བོད་ལྗོངས་ཀྱིས་བོད་ལུགས་གསོ་རིག་ཐད་མ་དངུལ་འབོར་ཆེན་བཏང་ནས་གོང་དུ་སྤེལ་བ།
བོད་ལུགས་གསོ་རིག་ནི་མིག་སྔར་རང་རྒྱལ་གྱི་ཁོངས་སུ་ཆེས་ཆ་ཚང་བ་དང་། ཤན་ཤུགས་ཆེས་ཆེ་བའི་མི་རིགས་ཀྱི་གསོ་བ་རིག་པ་ཞིག་ཡིན་ལ། གངས་ཅན་ཁ་བའི་ལྗོངས་སུ་ལོ་ངོ2000ལྷག་ལ་རྒྱུན་འཛིན་བྱས་པའི་བོད་ཀྱི་གསོ་བ་རིག་པ་ནི་བྱེ་བྲག་གི་ཁྱད་ཆོས་ལྡན་ཞིང་གཞུང་ལུགས་ཆ་ཚང་བ་དང་། ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་གྱི་གསོ་རིག་མ་ལག་ཅིག་ཡིན་པས་དེང་བར་དུ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན“ལོ་ལྔའི་འཆར་གཞི་བཅུ་གཉིས”ཀྱི་དུས་སུ་བོད་ལྗོངས་ནོར་སྲིད་ཀྱིས་མུ་མཐུད་དུ་བོད་ལུགས་གསོ་རིག་ལས་དོན་ཐད་མ་དངུལ་འབོར་ཆེན་བཏང་ནས་གཙོ་བོ་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་ཞབས་ཞུ་དང་། གཞུང་འཛུགས་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་རྨང་གཞིའི་སྒྲིག་བཀོད། རྨང་གཞིའི་ཞིབ་འཇུག རིག་ཚན་གཙོ་བོ་དང་ཆེད་ཚན་གཙོ་བོའི་འཛུགས་སྐྲུན། དེ་མིན་བོད་ལུགས་གསོ་བ་རིག་པའི་ཤེས་ལྡན་པ་སྐྱེད་སྲིང་དང་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད། “ལོ་ལྔའི་འཆར་གཞི་བཅུ་གཉིས”ཀྱི་དུས་སུ་བོད་ལྗོངས་ནོར་སྲིད་ཀྱིས་བོད་ལུགས་གསོ་རིག་ཐད་མ་དངུལ་གཏོང་ཚད་གཙོ་བོ་ཕྱོགས་བཞིའི་སྒོ་ནས་མཚོན་ཐུབ་པ་སྟེ། རང་སྐྱོང་ལྗོངས་ཀྱིས་བོད་ལུགས་གསོ་རིག་ལས་དོན་གོང་སྤེལ་ཆེད་སྤྱོད་མ་དངུལ་ལོ་རེར་སྒོར་བྱེ་བ1བཀོད་སྒྲིག་བྱེད་པ་དང་། བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ལ་མ་དངུལ་གཏོང་བའི་ཕྱོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱེད་པ། འབྲེལ་ཡོད་ཀྱི་ནོར་སྲིད་གསབ་སྣོན་སྲིད་ཇུས་འཐུས་ཚང་དུ་གཏོང་བ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་རྣམས་ལ་བོད་ལུགས་གསོ་རིག་གི་ལག་རྩལ་དང་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་འདེད་བྱེད་པ། བོད་ལུགས་གསོ་རིག་ལས་དོན་གོང་སྤེལ་གྱི་ཁྲལ་བསྡུ་དམིགས་བསལ་སྲིད་ཇུས་དངོས་འབེབས་བྱེད་པ་བཅས་སོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com