དཔལ་ལྡན་རྒྱུད་བཞིའི་བློ་རྒྱུགས་བྱ་དགའི་ཐེབས་རྩ་ཚུགས་པ་དང་གཟེངས་བསྟོད་མཛད་སྒོ་བསྡུས་པ།
དཔལ་ལྡན་རྒྱུད་བཞིའི་བློ་རྒྱུགས་བྱ་དགའི་ཐེབས་རྩ་ཚུགས་པ་དང་གཟེངས་བསྟོད་མཛད་སྒོ་བསྡུས་པ།
ཨ་རི་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟིས་བྱ་དགའི་ཐེབས་རྩ་སྒོར་འབུམ1གཅིག་གནང་བ།
ཟླ7པའི་ཚེས8ཉིན། ཨ་རུ་བོད་སྨན་དང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས་དཔལ་ལྡན་རྒྱུད་བཞིའི་བློ་རྒྱུགས་བྱ་དགའི་ཐེབས་རྩ་འཛུགས་པ་དང་གཟེངས་བསྟོད་མཛད་སྒོ་དེ་མཚོ་སྔོན་སློབ་ཆེན་དུ་བསྡུས་པ་རེད།
བོད་ལུགས་གསོ་རིག་གི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་དང་བོད་ལུགས་གསོ་རིག་བྱ་གཞག་གོང་དུ་སྤེལ་བར་དགོངས་ནས། 2013ལོའི་ཟླ4པར་ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟིས་བྱ་དགའི་ཐེབས་རྩ་ལ་ལོ་རེར་སྒོར་འབུམ1དང་། བསྟུད་མར་ལོ5ལ་གནང་རྒྱུ་ཡིན་ཞིང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་མཉམ་འབྲེལ་བྱས་ནས་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དཔལ་ལྡན་རྒྱུད་བཞིའི་བློ་རྒྱུགས་བྱ་དགའི་ཐེབས་རྩ་བཙུགས་ནས། བོད་ལུགས་གསོ་རིག་སློབ་གླིང་གི་སློབ་ཆེན་པ་རྣམས་ཀྱིས་བོད་ལུགས་གསོ་རིག་བསྟན་བཅོས་ལ་སློབ་སྦྱོང་བྱེད་པའི་བརྩོན་སེམས་ལ་སྐུལ་འདེད་དང་། བོད་ལུགས་གསོ་རིག་གི་གོང་སྤེལ་ལ་འཇོན་མི་སྐྱེད་སྲིང་བྱེད་རྒྱུ་རེད།
བོད་ལུགས་གསོ་རིག་གི་ཕུལ་བྱུང་སློབ་མ་རྣམས་ལ་བྱ་དགའ་གནང་བ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com