《གསོ་རིག་རྒྱུད་བཞིའི་སྨན་ཐང་རྒྱས་འགྲེལ》ཚན་རྩལ་གྲུབ་འབྲས་དང་དཔྱད་བཤེར་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-15 14:59:00 ཀློག་གྲངས།:


《གསོ་རིག་རྒྱུད་བཞིའི་སྨན་ཐང་རྒྱས་འགྲེལ》ཚན་རྩལ་གྲུབ་འབྲས་དང་དཔྱད་བཤེར་ཚོགས་འདུ་བསྡུས་པ།

  ཟླ7པའི་ཚེས10ཉིན། མཚོ་སྔོན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་འགོ་ཁྲིད་ནས་མཚོ་སྔོན་བོད་ཀྱི་གསོ་རིག་གནས་རྟེན་མཛོད་གླིང་དང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་བཅས་ཀྱིས་འགན་སྒྲུབ་བྱས་པའི《གསོ་རིག་རྒྱུད་བཞིའི་སྨན་ཐང་རྒྱས་འགྲེལ》ཚན་རྩལ་གྲུབ་འབྲས་དང་དཔྱད་བཤེར་ཚོགས་འདུ་དེ་ཟི་ལིང་དུ་བསྡུས་པ་རེད།

青海省藏医药《四部医典曼唐详解》全书正式出版
《གསོ་རིག་རྒྱུད་བཞིའི་སྨན་ཐང་རྒྱས་འགྲེལ》

  《གསོ་རིག་རྒྱུད་བཞིའི་སྨན་ཐང་རྒྱས་འགྲེལ》ལ་པོད་དྲུག་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་ཡིག་རིས་སྤེལ་མར་བཀོད་ཡོད་དེ། ཡིག་གྲངས་ཁྲི450དང་པར་རིས་ཆེ་ཆུང་སྟོང7ལྷག་བཀོད་འདུག་ཅིང་། དེའི་ནང་དུ་བོད་ལུགས་གསོ་རིག་གི་བྱུང་འཕེལ་དང་གསོ་རིག་གཞུང་ལུགས། ནད་ཐོག་སྨན་བཅོས། སྨན་གྱི་སྦྱོར་ཐབས། སྐར་རྩིས་སོགས་ནང་དོན་ཕུན་སུམ་ཚོགས་པ་འདུས་ལ། ད་ལྟའི་བར་དུ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ《གསོ་རིག་རྒྱུད་བཞིའི་སྨན་ཐང》ལ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་རྒྱས་འགྲེལ་དང་སྒྲིག་བསྒྱུར་བྱས་པའི་པར་བསྐྲུན་ལས་གྲྭ་ཐོག་མ་ཡིན་པ་རེད།
  རིན་ཐང་གཞལ་ཡས་པའི་འགྲོ་བ་མིའི་རིགས་ཀྱི་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་དམིགས་ནས། མཚོ་སྔོན་ཀྱི་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་ཆེད་མཁས་དང་ཞིབ་འཇུག་རྐང་འཛིན་པ32ཀྱིས《གསོ་རིག་རྒྱུད་བཞིའི་སྨན་ཐང་རྒྱས་འགྲེལ》གྱི་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་བཙུགས་ནས་སྔ་རྗེས་སུ་རྒྱལ་ཁབ10ལྷག་དང་། བོད་ཁུལ་ལྗོངས་ཞིང་ལྔ། ནང་སོག་དང་ཞིན་ཅང་། པེ་ཅིང་སོགས་སུ་ཕྱིན་ནས་གསོ་རིག་བསྟན་བཅོས100དང་སྨན་ཐང473འཚོལ་བསྡུ་བྱས་རྗེས། བོད་ལུགས་གསོ་རིག་དང་རིག་དངོས་རྟོག་དཔྱོད་ཀྱི་ཆེད་མཁས་རྣམས་ཀྱིས་ཡང་དང་བསྐྱར་དུ་ཞིབ་འཇུག་དང་དཔྱད་བརྡར་བྱས།


《གསོ་རིག་རྒྱུད་བཞིའི་སྨན་ཐང་རྒྱས་འགྲེལ》

  ཐེངས་འདིའི་ལས་གཞིའི་ཁྲོད་གཙོ་བོ《གསོ་རིག་རྒྱུད་བཞི》ཡི་སྤྱི་ཁོག་གཞིར་བྱས་ནས། སྨན་ཐང80ལ་ཞིབ་རྒྱས་སྒོས་འགྲེལ་བ་བཀོད་པའི་ཁར། དེང་རབས་ཀྱི་གློག་རྡུལ་པར་རིས་ལག་རྩལ་ལ་བརྟེན་ནས་རེ་རེ་གསེད་བཀྲོལ་དང་གོ་རིམ་བསྒྲིགས་ཡོད། དེར་མ་ཟད་པར་རིས་ཆུང་བ6487ལ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་ལམ་ནས་གསལ་བོར་འགྲེལ་ཡོད་གཤིས། བོད་ལུགས་གསོ་རིག་ཆེད་ལས་མི་སྣ་ཡིས་སློབ་སྦྱོང་གི་ཉེར་མཁོའི་དཔེ་དེབ་ཅིག་ཡིན་པར་མ་ཟད། བོད་ལུགས་གསོ་རིག་གི་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བའི་རྨང་གཞིའི་ཀློག་དེབ་ཅིག་ཀྱང་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།