སེ་འབྲུ་ལྔ་བའི་སྦྱོར་ཚུལ་དང་ཕན་ནུས་བཤད་པ།

རྩོམ་པ་པོ།:གཡུང་དྲུང་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-11 09:27:00 ཀློག་གྲངས།:
དང་པོ། སེ་འབྲུ་ལྔ་བའི་དབྱེ་བ་བཤད་པ།
     ས་འབྲུ་ལྔ་བ་ལ་རིགས་གཉིས་ཡོད་དེ་སེ་འབྲུ་དྭངས་གནས་དང་སེ་འབྲུ་ལྔ་བ་གཉིས་ཡིན་ལ། དེ་གཉིས་ནི་ཚད་ཡོད་སྨན་སྦྱོར་གྱི་ཁོང་དུ་གཏོགས་པ་ཞིག་ཡིན།
གཉིས་པ། སེ་འབྲུ་དྭངས་གནས་ཀྱི་སྦྱོར་ཚུལ་དང་ཕན་ནུས།
     སེ་འབྲུ་དྭངས་གནས་ནི་སེ་འབྲུ(སྲང་གཅིག)དང་ཤིང་ཚ(ཞོ་གཅིག)། སུག་སྨེལ(ཞོ་བརྒྱད)། པི་པི་ལིང(ཞོ་གཅིག)། གུར་གུམ(ཞོ་བཞི)བཅས་སྨན་སྣ་ལྔ་ལས་གྲུབ་པ་དང་ངོ་བོ་དྲོད་འབྲིང་དུ་གནས་ཤིང་བཟི་མེད་པའི་སྨན་ཞིག་ཡིན་ལ། དེས་ཕོ་བའི་མེ་དྲོད་ཞན་པ་དང་ཟས་མི་འཇུ་བ། བད་ཀན་བེ་སྣབས་ཀྱིས་ཕོ་བའི་རྩ་སྦུབས་འགགས་པ། དྭངས་མ་རྣམས་རང་གནས་སུ་འཇོག་པ།ཕོ་བའི་མེ་དྲོད་སྐྱེད་པ་སོགས་ལ་ཕན་ནོ།།
གསུམ་པ། སེ་འབྲུ་ལྔ་བའི་སྦྱོར་ཚུལ་དང་ཕན་ནུས།
     སེ་འབྲུ་ལྔ་བ་ནི་སེ་འབྲུ་(སྲང་གཅིག)་དང་ཤིང་ཚ་(ཞོ་གཅིག)། སུག་སྨེལ་(ཞོ་བརྒྱད)།པི་པི་ལིང་(ཞོ་གཅིག)། དོང་གྲ་(ཞོ་བཞི)་བཅས་སྨན་སྣ་ལྔ་ལྲུབས་གྲུབ་པ་དང་ངོ་བོ་དྲོད་ཆེ་ཞིང་བཟི་མེད་པ་དང་ནུས་པའི་བད་ཀན་གྱིས་ཟས་མི་འཇུ་བ་དང་ཕོ་བའི་གྲང་སྐྲན་གྱིས་ཟས་སྐྱུགས་པ་དང་ཆུ་སྐྱུག་པ། ཡི་ག་འཆུས་པ། སྦོས་རྒྱངས་བྱེད་པ། སྙིང་རླུང་དང་མཁལ་རྐེད་ན་བ་ལ་སོགས་ཕན་པ་ཡིན།
བཞི་བ། དེ་གཉིས་ཀྱི་ཁྱད་པར་བཤད་པ།
     སྨན་དེ་གཉིས་ནི་བོད་སྨན་སེ་འབྲུ་བཞི་བའི་སྟེང་དུ་གུར་གུམ་བསྣན་ན་སེ་འབྲུ་དྭངས་གནས་དང་དོང་གྲ(འདི་ལ་སྒ་སྨུག་ཡང་ཟེར)བསྣན་ན་སེ་འབྲུ་ལྔ་བ་འགྱུར་བ་སྟེ་ཕྱི་རྒྱུད་ཀྱི་རྒྱལ་བོ་སེ་འབྲུའི་སྦྱོར་ལས་སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་།།བུར་དཀར་སྦྱར་བའི་སེ་འབྲུ་བཞི་བ་སྟེ།།ཞེས་དང་དེའི་སྟེང་དོང་གྲ་བསྣན་ཏེ་ཚད་ལྡན་སྦྱར།།སེ་འབྲུ་ལྔ་བའི་བད་ཀན་ཟས་མི་འཇུ།།ཕོ་བའི་གྲང་སྐྲན་སྐྱུག་དང་ཡི་ག་འཆུས།།སྙིང་རླུང་མཁལ་རྐེད་ནད་ལ་མཆོག་ཏུ་ཕན།།ཡང་ན་གུར་གུམ་བསྣན་པའི་སེ་འབྲུ་ལྔ།།ཚ་གྲང་འཐབ་པའི་ཁ་འཛིན་མེ་དྲོད་གསོ།།ཞེས་དང་མ་ཞུ་སྐབས་སུ་སེ་འབྲུ་ལྔ་བ་ཚ་གྲང་ཀར་བུར་བསྒྱུར།།ཆུ་ཁོལ་འཕུལ་བའི་ཕོ་བའི་མེ་དྲོད་སྐྱེད།།མ་ཞུ་ནད་འབྱང་དྭངས་མ་རང་གནས་འཇོག།འབྲས་བུ་ནད་གཞན་གསོ་སླའི་གྲོགས་སུ་འགྱུར།།ཞེས་གསུངས་ཡོད་པ་དང་སེ་འབྲུ་དྭངས་གནས་དང་སེ་འབྲུ་ལྔ་བ་གཉིས་ཀྱི་སྦྱོར་བ་སྨན་གཅིག་མ་གཏོགས་གཞན་རྣམས་གཅིག་པ་ཡིན་ལ། སྦྱོར་ཚད་ཀྱང་མཐུན་པ་ཡིན། དེ་གཉིས་མི་གཅིག་ས་ནི་སེ་འབྲུ་དངས་གནས་ལ་གུར་དང་སེ་འབྲུ་ལྔ་བ་ལ་དོང་གྲ་བསྣན་པ་ཡིན་ནོ།།
     འདིར་ཞོ་ཞེས་པ་ནི་བོད་སྨན་སྦྱོར་བའི་ཚད་གཞི་ཞིག་ཡིན་པ་སྟེ་ཞོ་བཅུ་ནི་སྲང་གཅིག་གི་ཚད་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།