ངོས་དང་པོ > གསོ་རིག > བདེ་ཐང་ལམ་སྟོན། > རང་གི་ཉེ་འཁོར་ནས་གཏན་ཁེལ་ནད་པ་བྱུང་ཟིན་ན་འགོག་སྲུང་གི་བྱེད་ཐབས་གང་དག་ཡོད།
རང་གི་ཉེ་འཁོར་ནས་གཏན་ཁེལ་ནད་པ་བྱུང་ཟིན་ན་འགོག་སྲུང་གི་བྱེད་ཐབས་གང་དག་ཡོད།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2022-08-30 09:16:54
ཀློག་གྲངས།:
ཉེ་འཁོར་ནས་གཏན་ཁེལ་ནད་པ་བྱུང་ཟིན་ན། གཤམ་གྱི་དོན་ཚན་འདི་དག་གི་ཐད་ནས་མཉམ་འཇོག་བྱ་དགོས།

༡ གནས་ཚུལ་ཡར་ཞུ།
སོང་ས་བསྡད་ས་དང་འབྲེལ་འདྲིས་གནས་ཚུལ་ལ་རྩད་ཞིབ་བྱེད་མཁན་གྱི་ལས་བྱེད་མི་སྣར་རང་གི་གནས་ཚུལ་ངོ་མ་སྦ་གསང་མེད་པར་ཡར་ཞུ་བྱས་ནས། རིམས་ནད་འགོག་སྡོམ་བྱ་བར་གཞོགས་འདེགས་བྱ་དགོས།

༢ ཁོར་ཡུག་དུག་སེལ།
རིམ་པ་སོ་སོའི་མཉམ་འགོག་མཉམ་སྡོམ་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་ཆེད་ལས་སྡེ་ཁག་རྩ་འཛུགས་བྱས་ཏེ། གཏན་ཁེལ་ནད་པ་བྱུང་སའི་སྡོད་གནས་དང་སོང་ས་བསྡད་སའི་གནས་ཡོད་ཚད་ལ་གཏིང་ཐག་ཆོད་པའི་དུག་སེལ་བྱེད་པ་ཡིན།

༣ ས་ཁོངས་བཀག་སྡོམ་དོ་དམ།
རིམས་ནད་སྔོན་འགོག་ལྟེ་གནས་དང་སྨན་བཅོས་སྡེ་ཁག་གིས་གཏན་ཁེལ་ནད་པ་བྱུང་སའི་སྡེ་བ་དང་གཞིས་ཁུལ། དེ་ནས་ཁང་བརྩེགས་དང་ཁང་བརྩེགས་ཀྱི་ཁང་མིག་སོགས་ཚོད་འཛིན་དོ་དམ་ས་ཁུལ་གྱི་ཁྱབ་ཁོངས་དེ་ཕྲ་ཞིང་ཞིབ་པར་དབྱེ་ནས་གཏན་ཁེལ་བྱས་རྗེས་བཀག་སྡོམ་དོ་དམ་ལག་བསྟར་བྱེད་པ་ཡིན།

༤ ཉིང་སྐྱུར་བརྟག་དཔྱད།
རིམས་འགོག་ལས་ཁུངས་དང་གཞིས་ཁུལ་གྱི་རིམས་འགོག་དོ་དམ་བླང་བྱ་ལྟར་ཉིང་སྐྱུར་བརྟག་དཔྱད་བྱ་དགོས། ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་གོ་རིམ་ལྡན་པའི་ངང་ནས་གྲལ་བསྒྲིགས་ཏེ་འཚང་ཁ་མི་རྒྱག་པ་དང་། གོ་རིམ་ཧྲིལ་བོར་ཁ་ཐུམ་བརྒྱབ་ནས་ཁ་བརྡ་མི་བྱེད་པ། བརྟག་དཔྱད་བྱས་ཚར་རྗེས་མྱུར་དུ་རང་རང་སར་ལོག་དགོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།