འདབ་ཆགས་ཆམ་རིམས་སྔོན་འགོག་བྱེད་དགོས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2022-08-29 08:39:16
ཀློག་གྲངས།:
བྱིས་པ་རྣམས་ལ་འདམ་ཆགས་ཆམ་རིམས་འགོ་སླ་ཟེར་བའི་རྒྱུ་མཚན་གང་ཡིན་ཞེ་ན། བྱིས་པ་རང་སྟེང་གི་རིམས་འགོག་མ་ལག་འཚར་ལོངས་བྱུང་བ་ཆ་ཚང་མིན་པ་དང་། ཕྱི་རོལ་ཡུལ་ལ་འགོག་རྒོལ་བྱེད་པའི་ནུས་པ་ཞན་པས་ན་ནད་དེ་ཧ་ཅང་འགོ་སླ་བ་ཡིན། དེས་ན་བྱིས་པས་འདབ་ཆགས་ཆམ་རིམས་ཇི་ལྟར་སྔོན་འགོག་བྱེད་དགོས་ཤེ་ན། འདབ་ཆགས་ཆམ་རིམས་མཆེད་སར་མི་འགྲོ་བ་དང་། ཁྱིམ་བྱ་དང་རི་སྐྱེས་འདབ་ཆགས་ལ་མི་རེག་པ། སྤྱི་སྤྱོད་ཁྲོམ་རར་འགྲོ་ཚད་ཇེ་ཉུང་དུ་གཏོང་བ། ཕྱི་རོལ་ཏུ་འགྲོ་ན་ཁ་ཐུམ་རྒྱག་པ། ཁྱིམ་ཚང་གི་མཁའ་དབུགས་རྒྱུ་ཚད་ཇེ་ལེགས་སུ་གཏོང་བ། དུས་རྒྱུན་དུ་མལ་གོས་མལ་སྟན་ཉི་མར་ལྡེ་བ་དང་ཁྲུས་བྱེད་པ། གོན་པ་བརྗེ་བ། ལག་པ་བཀྲུ་བ། ཆུ་མང་ཙམ་འཐུང་བ། སྔོ་ཚོད་དང་སིལ་ཏོག་སོ་མ་མང་ཙམ་ཟ་བ་བཅས་བྱེད་པ་དང་མཉམ་དུ་ལུས་ཕུང་སྦྱོང་བརྡར་བྱས་ཏེ་ལུས་སྟོབས་ཇེ་རྒྱས་སུ་གཏོང་དགོས། གཞན་ཡང་སྨན་པའི་མཛུབ་སྟོན་བཞིན་རྩྭ་སྨན་གྱི་རིགས་འཐུངས་ན་རིམས་འགོག་ནུས་པ་ཇེ་མཐོར་གཏོང་བར་ཕན་ཐོགས་ཡོད། གལ་ཏེ་གློ་ལུ་དང་ལུས་ཚ་རྒྱས་པ་སོགས་ཆམ་པའི་ནད་རྟགས་བྱུང་ན། དུས་ཐོག་ཏུ་ཚད་ལྡན་སྨན་ཁང་ལ་སྨན་བཅོས་བྱེད་དུ་འགྲོ་དགོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།