༄༅།།མེ་དང་ཆུ་ཁོལ་མས་བསྲེགས་པ་ཡིན་ན། ཇི་ལྟར་བྱེད་དམ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2021-01-11 10:34:39 ཀློག་གྲངས།:
       ནམ་རྒྱུན་འཚོ་བའི་ཁྲོད་དུ། ང་ཚོའི་ལག་པ་དང་རྐང་བ་སོགས་མེ་ཡིས་འཚིག་པ་དང་ཆུ་ཁོལ་མས་བསྲེགས་པའི་གནས་ཚུལ་མང་དུ་འབྱུང་བཞིན་ཡོད། དེ་ན། གནས་ཚུལ་དེ་འདྲ་བྱུང་རྗེས། ང་ཚོས་མྱུར་སྐྱོབ་སྨན་བཅོས་ཇི་ལྟར་བྱེད་དམ། གཤམ་གྱི་གོ་རིམ་ལྔ་པོ་འདི་དག་གིས་གོ་ཆེན་པོ་ཆོད་པ་ཡིན།
མེ་དང་ཆུ་ཁོལ་མས་བསྲེགས་པའི་རྨ་ཁ་སྣ་ཚོགས། པར་རིས་དྲ་བ་ལས་དྲངས།
      གོ་རིམ་དང་པོ།  རྨ་ཁའི་ཐོག་ལ་ཆུ་གྲང་མོ་གཏོར་བ།
      འཚིག་རྨས་བྱུང་རྗེས། ཐོག་མར་མེ་དང་ཆུ་ཁོལ་མ་སོགས་ཀྱི་ཚ་བ་ཡོད་སར་རྒྱང་བཀྱེད་པ་དང་། དེ་ནས་རྨ་ཁའི་ཐོག་ལ་ཆུ་གྲང་མོ་གཏོར་ནས་སྐར་མ་20ལྷག་གི་རིང་ལ་རྒྱུན་འཁྱོངས་བྱེད་པ།
      གོ་རིམ་གཉིས་པ། རྨ་ཁ་འགེབས་པའི་དངོས་པོ་ལེན་པ།
      རྨ་ཁའི་ཐོག་ལ་ཆུ་གྲང་མོ་གཏོར་བའི་ཞོར་དུ། དེར་ཡོད་ཀྱི་ལྭ་བ་སོགས་ལེན་དགོས། གལ་ཏེ་རྨ་ཁའི་ཐོག་ལ་ལྭ་བ་སོགས་འབྱར་བ་ཡིན་ན། འཕྲལ་མར་ཁེ་གྲི་སོགས་ཀྱིས་བཅད་ནས་ལེན་དགོས། རྨ་ཁའི་གནས་སུ་མཛུབ་དཀྲིས་དང་ལག་གདུབ། ཆུ་ཚོད་སོགས་ཡོད་ན། འཕྲལ་མར་ལེན་དགོས།
      གོ་རིམ་གསུམ་པ། རྨ་ཁ་ཡོད་ས་ཆུ་གྲང་མོའི་ནང་དུ་སྦངས་པ། 
      རྨ་ཁ་ཡོད་ས་ཆུ་གྲང་མོའི་ནང་དུ་སྦངས་ནས་ཚ་བ་ཉམས་པར་བྱེད་དགོས། ཆུའི་ནང་དུ་སྦངས་ཡུན་ཆུ་ཚོད་0.5ནས་1ཙམ་མམ་ཡང་ན་དེ་ལས་འགོར་ནས་ན་ཟུག་མངོན་གསལ་མེད་པའི་བར་དུ་བཞག་ན་བཟང་།
      གོ་རིམ་བཞི་བ། རྨ་ཁ་བཏུམས་པ།
      རས་གཙང་མའི་རིགས་སྤྱད་ནས་རྨ་ཁ་བཏུམ་དགོས། དཔེར་ན་སེང་རས་དང་རས་ཀྱི་ཁ་གདན་གཙང་མ། ལག་ཕྱིས་ལྟ་བུ། སྤུ་ལྷུང་སླ་བའི་རིགས་ཀྱི་རས་སྤྱོད་མི་རུང་།
      གོ་རིམ་ལྔ་བ། སྨན་ཁང་ལ་བསྐྱལ་ནས་སྨན་བཅོས་བྱེད་པ།
      འཚིག་རྨས་བྱུང་བ་ཚབས་ཆེན་མིན་ན། སྨན་ཁང་དུ་བསྐྱལ་མི་དགོས། གལ་ཏེ་འཚིག་རྨས་བྱུང་ཚུལ་ཚབས་ཆེན་ཡིན་ན། འཕྲལ་མར་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་དགོས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།