༄༅།།སྲོག་རླུང་གི་ནད་བརྟག་བཅས་དང་བསྲུང་ཐབས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-07-09 09:17:52
ཀློག་གྲངས།:
སྲོག་རླུང་གི་ནད་ནི་ཡིད་མི་བདེ་བ། སེམས་ལས་ཆེ་བ། དངངས་སྐྲག་ཆེན་པོ་སྐྱེས་པ། སེམས་སྡུག་ཆེན་པོ་བྱུང་བ། བསམ་བློ་བཏང་དྲགས་པ་སོགས་ཀྱིས་སེམས་ཁ་དཀྲུགས་ནས་རླུང་འཁྲུགས་པས། སྲོག་རྩར་རླུང་ཞུགས་ནས་ཤེས་པ་འཁྲུལ་བའི་ནད་ཅིག་རེད།
ནད་རྟགས། གཉིད་ཡེར་བ་དང་། རྨི་ལམ་ཟ་ཟི་མང་བ། སྐྱོ་སྣང་སྐྱེས་པ། ཡིད་རྣལ་དུ་མི་ཕབ་པ། ཟས་ཀྱི་དང་ག་ཞན་ལ། ལུས་སྟོབས་ཞན་པ། བྲང་གཞུང་དཀར་ནག་མཚམས་སོགས་རླུང་གསང་རྣམས་མནན་ན་གཟེར་བ། དབུགས་རིང་འཐེན་པ་སོགས་ཀྱི་རྟགས་འདུག་ལ། ནད་ཇེ་ལྕི་རུ་སོང་ན་ཤེས་པ་འཆོལ་བ། སྐད་ཆ་གང་བྱུང་ཤོད་པ། སྡོད་ཚུགས་མི་ཟིན་པ། དངོས་པོ་གཅོག་པ་དང་། འཕར་རྩའི་རྒྱུ་བ་སྟོང་ལ་དྲི་ཆུ་སྔོ་ཞིང་དྭངས་པ་སོགས་ཀྱི་མངོན་ཚུལ་འབྱུང་། ལྕེ་དམར་ལ་རྩུབ་པ་དང་ཁ་ཅིག་ལ་ལྕེ་སྟེང་གས་པ་སོགས་མངོན།
བཅོས་ཐབས། ཐོག་མར་ཟས་ཤ་ཆང་འབྲུ་མར་བུར་རྙིང་སོགས་སྣུམ་བཅུད་རིགས་བསྟེན་པ་དང་སྤྱོད་ལམ་དྲོ་སར་སྣང་བ་སྐྱིད་པོ་ཡོང་བ་བཅས་ཀྱིས། བརྩེ་དུང་ལྡན་པའི་སྒོ་ནས་སེམས་གསོ་གཏོང་བ། དེ་དང་མཉམ་དུ་སྨན་སྲོག་འཛིན་བཅུ་གཅིག སེམསབདེ། ཤིང་ཀུན་ཉེར་ལྔ། ཨ་གར་བརྒྱད་པ། བི་མ་ལ་སོགས་རྒྱུན་སྤྱོད་སྨན་རྫས་བསྟེན་རྒྱུ་དང་། དཔྱད་དུ་ཨན་སྟོང་ཚིགས་པ་དང་པོ་དང་། དྲུག་པ་སོགས་རླུང་གསང་བསྲེག་པའོ། །
སྔོན་འགོག བྱ་བ་ཅི་ཡིན་ཡང་བཏང་སྙོམས་བྱས་ནས་རྒྱུན་དུ་སེམས་རྒྱ་སྐྱེད་པ་དང་། འདུ་འཛི་ཆེ་བའི་གནས་སུ་མི་འགྲོ་བ། རང་དང་ཡིད་མི་མཐུན་པའི་གྲོགས་ལ་མི་འགྲོགས་པ་དང་སྤང་བ། ལུས་ངག་ཡིད་གསུམ་གནད་དུ་ཕབ་ནས་ལོག་པའི་སྤྱོད་ལམ་ལ་འཛེམ་་ནས། ཀུན་ཕན་གྱི་སེམས་དུས་ཀུན་ལ་གཙོ་བོར་འཛིན་དགོས།

འབྲེལ་ཡོད་འོས་སྦྱོར།
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།