མཁྲིས་པའི་ནད་བཅོས་ཐབས།
རྩོམ་པ་པོ།:ཚུལ་ཁྲིམས་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-02-22 11:56:04
ཀློག་གྲངས།:
མཁྲིས་པའི་ནད་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་སུ་ཡོད་པ་ལས། མཁྲིས་པའི་ནད་སྤྱི་ལ་ཏིག་ཏ་དང་ཨ་རུའི་ཐང་བཏང་བའི་རྗེས་སུ་མཁྲིས་ལས་རྣམ་རྒྱལ་དང་། བྲག་ཞུན་དགུ་བ་དང་། མཁྲིས་ཕྱེ་བདུན་པ་སོགས་ཀྱིས་ནད་རྩེ་གཞིལ་བར་བྱས་ནས། ལྷན་ཐབས་ནས་བཤད་པའི་དུར་བྱིད་བཅུ་བས་སྦྱང་བར་བྱའོ། །བྱེ་བྲག་ཚ་མཁྲིས་ལ་མ་ནུ་བཞི་ཐང་གི་སྟེང་ལ་ཨ་རུ་དང་གསེར་གྱི་མེ་ཏོག་བསྣན་པའི་ཐང་བཏང་བའི་རྗེས་ལ་ཏིག་ཏ་བརྒྱད་པ་དང་། བྱང་ལུགས་བོང་དཀར་བཅུ་གསུམ་ཁ་ཚར་ཅན་བཏང་བས་ཚ་མཁྲིས་མ་ལུས་པ་སེལ་བར་ངེས་སོ། །གྲང་མཁྲིས་ལ་དཀར་ནག་བཅུ་བ་དང་། གསེར་མདོ་ལྔ་བ་དང་གསེར་མདོག་བདུན་པ་སོགས་ཀྱིས་བཅོས་པར་བྱའོ། །དེས་ཀྱང་གསོ་བར་དཀའ་ན་ཚིགས་པ་བཅུ་བ་དང་བཅུ་གཉིས་པ་བསྲེགས་པར་བྱའོ། །མཁྲིས་པ་ཤ་སེར་གྱི་ནད་ལ་ཏིག་ཏ་བརྒྱད་པ་ཁ་ཚར་ཅན། མིག་སེར་ལ་གསེར་མདོག་ལྔ་བ་ལ་སྐྱུ་རུ་སོགས་བསྣན་པ་ཟབ། ཀྵ་ཡ་ནག་པོ་ལ་ལྷན་ཐབས་གུར་ཀུམ་ཉེར་གཉིས་དང་། གུར་ཀུམ་མཆོག་བདུན་ཏིག་ཏ་བརྒྱད་སྟེང་གཡའ་ཀྱི་བསྣན་པ། གཡའ་ཀྱི་ཉེར་ལྔ་སོགས་ཡུན་རིང་བསྟེན་པས་འཚོ་བ་སྲིད་དོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།