བད་ཀན་གྱི་ནད་བཅོས་ཐབས།

རྩོམ་པ་པོ།:ཚུལ་ཁྲིམས་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-02-23 10:03:35 ཀློག་གྲངས།:

   བད་ཀན་གྱི་ནད་བཅོས་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ལ་ཟས་ནི་འབྲུ་རྙིང་གི་བཅོས་པའི་ཟན་དང་ལུག་ཤ་དང་གཡག་ཤ་དང་། སྦྲང་རྩི་དང་ཆང་དང་ཆུ་བསྐོལ་སོགས་དྲོ་ཞིང་ཡང་ལ་རྩུབ་པའི་ཟས་སྐོམ་རྣམས་ལ་འཕྲོད་དོ། །སྤྱོད་ལམ་དྲོ་ཞིང་སྐམ་སར་རྩོལ་བཅག་བྱེད་པ་གལ་ཆེའོ། །སྨན་ནི་བདེ་བྱེད་སྙོམས་ལྡན་དང་། ཕག་མོ་གྲུབ་པ། རྒྱུད་ཀྱི་ཅོང་ཞི་ཅུར་ནིས། ཅོང་ཞི་བསིལ་སྦྱོར། བྱང་ལུགས་སེ་འབྲུ་བཅུ་གསུམ། སེ་འབྲུ་སྦྱོར་བ་ཀུན་ལྡན་བདེ་བྱེད། བདུད་རྩི་རིལ་དཀར། གྲུབ་ཐོབ་རིལ་དཀར། ཞི་བྱེད་དྲུག་པ། རྒྱམ་ཚ་བཞི་ཐང་། ཕྱི་རྒྱུད་ནས་གསུངས་པའི་སེ་འབྲུའི་སྦྱོར་བ། ད་ལི་སྦྱོར་བ་རྣམས་རང་རང་ནུས་མཚུངས་རྣམས་བསྟེན་པར་བྱའོ། །གཅོང་ནད་ཅན་དང་རྒན་པོའི་རིགས་མ་ཡིན་པ་ལ་སྐྱུགས་ཀྱིས་སྦྱངས་པ་མཆོག་ཡིན་ནོ། །སྒལ་ཚིགས་བཅུ་གཉིས་པ་སོགས་བད་ཀན་གྱི་གསང་རྣམས་སུ་མེ་བཙའ་གདབ་པར་བྱའོ། །བད་ཀན་ལྷེན་ལ་མན་རྒྱུད་ད་ལིས་བདུན་པ་དང་སེ་འབྲུ་བཅུ་གསུམ་གཉིས་ལྟག་པ་སྤྲད་ནས་བཏང་། ལྷེན་སྐྲན་ལ་ལྷན་ཐབས་ཅོང་ཞི་དྲུག་པ་དང་། ཕྱི་རྒྱུད་མཐུན་གསུམ་རིལ་བུས་བཤིག་པར་བྱ། བད་ཀན་འགུལ་འགག་ནི་འཚོ་དཀའ་ཡང་བྱུང་མ་ཐག་ནས་མན་ངག་རྒྱུད་ཀྱི་ཚད་རྗེས་སུ་བཤད་པའི་བསིལ་སྦྱོར་ཞག་འགའ་ཞིག་ལ་བརྟེན་པ་གལ་ཆེ། རྗེས་སུ་ལྷན་ཐབས་ཅོང་ཞི་བཅོ་བརྒྱད། སྤང་རྒྱན་བཅོ་ལྔ། བེ་ཁྲག་ཉེར་ལྔ་ཚད་ལྡན། འབྲོང་ཁྲག་དྲུག་པའམ་བརྒྱད་པ། གོ་ཡུ་བཅུ་བདུན། ཞི་བྱེད་དྲུག་པ་སོགས་ཕན་ནོ། །རྐེ་སྟོང་ཙ་ར་ཁུང་དང་ནང་ཚང་གོང་འོག་སོགས་མེ་བཙའ་གདབ་སྟེ་འབྲོས་འཕྲེང་དགུ་དགགས་པར་བྱའོ། །བད་ཀན་སེར་བོ་ལ་སེ་འབྲུ་པདྨ་འདབ་བརྒྱད་དང་། ལྷན་ཐབས་སེ་འབྲུ་བཅུ་བ། ཅོང་ཞི་དྲུག་པ། ཆ་མཉམ་བཞི་ཐང་དང་སེ་འབྲུ་བརྒྱད་པ་སོགས་བད་མཁྲིས་ཀྱི་སྨན་དང་གོང་དུ་བཤད་པའི་སྨན་རྣམས་ལྟག་པ་སྤྲད། སྒལ་ཚིགས་གསུམ་པ་དང་ལྷེན་གསང་རྣམས་སུ་མེ་བཙའ་གདབ་པར་བྱའོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།