འདུས་ནད་སྨུག་པོ་བཅོས་ཐབས།
འདུས་ནད་སྨུག་པོ་བཅོས་ཐབས་ལ་ཟས་དང་སྤྱོད་ལམ་དང་སྨན་དང་དཔྱད་བཞིའི་སྒོ་ནས་བཅོས་དགོས་ལ། ཟས་ནི་ཞོ་དང་ཆང་མ་ལངས་པ་དང་ཤ་མ་ཚོས་པ་དང་ཚིག་པ་དང་ཁེངས་པའི་ཟས་དང་། རུལ་སྐྱུར་དང་འོ་རློན་སོགས་འཇུ་དཀའ་ཞིང་བསིལ་དྲགས་པ་དང་དྲོད་དྲགས་པའི་ཁ་ཟས་རྣམས་སྤང་ནས་ཉ་དང་ཕག་དང་བ་གླང་སོགས་ཀྱི་ཤ་གསར་བ་དང་རྙིང་བའི་འབྲུ་དང་སྲན་མ་དང་བ་ར་མཛོ་མོའི་ཞོ་དར་སོགས་ཟས་སྐོམ་ཡང་ལ་རྩུབ་པ་དང་བསིལ་དྲོད་སྙོམས་པ་བརྟེན་ནས་སྐོམ་སར་རྡུལ་མ་ཐོན་ཙམ་དུ་བཅག་པར་བྱའོ། །སྨན་ནི་རྒྱུད་ལས་སྨུག་པོའི་རྣམ་འགྱུར་བཅུ་གསུམ་དུ་གསུངས་ཀྱང་མདོར་བསྡུས་ན་དང་པོ་ཆུ་སྐྱུར་སྐྱུགས་པའི་ལོ་མ་ཤར་བའི་ཚེ་སྨུག་པོ་ཚ་བའི་དུས་ཡིན་པས་ཐང་ཆེན་ཉེར་ལྔ། སྟོད་ལུགས་ཅོང་ཞི་ཉེར་གཅིག་གམ་སྨུག་པོ་གཡུལ་རྒྱལ། ཅོང་ཞི་དྲུག་པ། ཅོང་ཞི་བསིལ་སྦྱོར། ཅོང་ཞི་ཉེར་ལྔ། གསེར་མདོག་བཅོ་བརྒྱད། མན་རྒྱུད་རྩི་སྦྱོར་བཅུ་གསུམ། རྡོ་སྦྱོར་དགུ་བ་ཁ་ཚར་ཅན་སྔོ་སྦྱོར་བཅུ་བ་རྣམས་བསྟེན། ཁྲག་སྟོབས་ཆེ་ན་སྐྱུ་རུ་ཉེར་ལྔ། གི་ཝང་དགུ་བ། གླང་ཆེན་བཅོ་བརྒྱད། མན་ངག་བསིལ་སྦྱོར། བར་དུ་རྒྱ་བཤལ་སྐྱུགས་པའི་ལོ་མ་ཤར་ཚེ་ཚ་གྲང་འཐབ་པའི་དུས་ཡིན་པས་སྨན་སྔ་མ་རྣམས་ཁྱད་པར་གཡུ་དྲིལ་བཅུ་གསུམ། བདེ་བའི་མྱུ་གུ། བདེ་བྱེད་སྙོམས་ལྡན། ཅོང་ཞི་ཅིར་ནིས། ཟླ་ཤེལ་ཆེན་མོ་རྣམས་བཏང་། སྨུག་པོ་ནད་གཞིར་བཞག་གི་ཕོ་བ་ན་བ་ལ་བད་ཀན་བཅོས། མཆིན་པ་ལ་ཁྲག་བཅོས། རྒྱུ་མ་ལ་མཁྲིས་པ་བཅོས། ལོང་ལ་རླུང་བཅོས་ཤས་ཆེར་དགོས་པ་སོགས་རིག་པས་འཕྲུལ་བྱའོ། །ཐ་མར་རྒྱས་ནས་ཁྲག་རུལ་དང་དུད་ཁུ་ལྟ་བུ་སྐྱུགས་པའི་ལོ་མ་ཤར་བའི་ཚེ། ཐོག་མ་ཁྲག་ལམ་ཆོད་མ་ཆོད་ཕྱེད་པ་གལ་ཆེ་བས། ལུས་ཟུངས་བཟང་བོའི་རིགས་ལ་གོང་སྨན་རྣམས་བཏང་བས་རང་བཞིན་གྱིས་ཆོད་པའང་ཡོད་པས། དེ་ལ་ཡག་ཉེས་མེད་ཕྱིར་གོང་སྨན་རྣམས་རྒྱུན་སྨན་དུ་བསྟེན། ཟུངས་ཟད་ཁྲག་ལམ་མ་ཆོད་པ་ལ་གླང་ཆེན་བཅུ་གསུམ་སྟེང་ཁ་ཆེ་གུར་ཀུམ་དང་དོམ་མཁྲིས་བཏང་བ་དང་། ཐང་ཆེན་ཉེར་ལྔ་ལ་ཁ་ཆེ་གུར་ཀུམ་བསྣན་པ་དང་། ཁྲག་གཅོད་ཀྱིས་རིགས་རྣམས་ཀྱིས་ཁྲག་བཅད། ལུས་ཟུངས་གསོ། རླུང་གསང་རྣམས་མེ་བཙས་མནན་ཅིང་རླུང་སྨན་གཏོང་བ་སོགས་ཀྱི་སྒོས་རླུང་ལ་བྱ་ར་བྱེད་པ་གལ་ཆེ། ཁྲག་ལམ་ཆོད་ཟིན་ནའང་རླུང་གི་སྣ་ཁྲིད་ནས་སྐྱ་རྦབ་དང་ཆུ་གཞིར་འགྱུར་ཉེན་ཆེ་བས་ནངས་པར་ལྕགས་ཕྱེ་བཅོ་ལྔ་དང་དྭངས་མ་གནས་འཇོག་སོགས་སེ་འབྲུའི་རིགས་དང་། ཉིན་གུང་ལ་ཅོང་ཞི་ཅུར་ནིས་སོགས་ཅོང་ཞིའི་སྦྱོར་བ་དང་། དགུང་མོར་ད་ལིས་བཅུ་དྲུག་གཏོང་བ་བཅས་བྱའོ། །འོན་ཀྱང་སྨུག་པོའི་རིགས་འདི་ལ་ཐོག་མ་ནས་ཚ་གྲང་འཐབ་པའི་རིགས་ཀྱང་ཡོད་པས་སྨན་ཡང་བསིལ་དྲོད་སྙོམས་པས་གཉིས་ཀ་ཟུང་འབྲེལ་དུ་བཅོས་པ་སོགས་རིག་པས་འཕྲུལ་ཤེས་པར་བྱའོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com