གློ་བའི་ནད་བཅོས་ཐབས།

རྩོམ་པ་པོ།:ཚུལ་ཁྲིམས་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-02-26 09:03:39 ཀློག་གྲངས།:

   གློ་བའི་ནད་སྤྱི་ལ། སྲོ་ལོ་བཞི་ཐང་། ནད་གཞི་ཡང་བའི་རིགས་ལ་རྒུན་འབྲུམ་བདུན་པ་དང་། རུ་རྟ་བརྒྱད་པ་སོགས་གང་རིགས་དང་། ནད་ལྕི་བའི་རིགས་ལ་ཅུ་གང་ཉེར་ལྔ་དམར་བོ་གསུམ་གྱི་ཁུ་བས་དབུལ་བའམ། ཡང་ན་གཙོ་བོ་ཉེར་ལྔ། བསེ་རུ་བཅུ་གསུམ། བསེ་རུ་ཉེར་ལྔ། གློ་ནད་སྤྱི་འཇོམས། ཙན་དན་བཅོ་ལྔ། ཙན་དན་བཅོ་བརྒྱད། སྲོ་ལོ་བཅུ་གཅིག་སོགས་བསྟེན། རླུང་ལྡན་གྱི་གློ་ནད་ལ་ཨ་གར་སོ་ལྔ། མཁྲིས་ལྡན་ལ་ཤིང་མངར་བདུན་པ། བད་ཀན་དང་ལྡན་པའི་གློ་ནད་རྒྱུན་དུ་ལུ་བ་ལ་རྒུན་འབྲུམ་བདུན་པའི་སྟེང་ཅོང་ཞི་དང་། འབྲི་མོག  འུ་སུ་བཅས་བསྣན་པ་ཆང་གིས་གཏོང་། ལྡན་འདུས་ཀྱི་གློ་ནད་ལ་གཡའ་ཀྱི་བཅུ་གསུམ་དང་། སྲོ་ལོ་བདུན་པ་གང་རིགས་ཀྱིས་གཞུང་བཞིན་སྦྱང་བ་བྱས་ནས། སྲོ་ལོའི་སྨན་མར་སོགས་བསྟེན་དགོས་པ་ཡིན་ནོ། །

   ཟས་བསིལ་ལ་ཡང་བའི་རིགས་བསྟེན་པ་ལས། ཚ་སྐྱུར་སྒོག་བཙོང་དང་ཤ་སོགས་རུལ་སུངས་དང་རྙིང་བའི་རིགས་དང་། ཐབ་གཞོལ་སོགས་ཀྱི་དྲི་དང་། དུ་བ་དང་རྡུལ་སོགས་སྤང་དགོས་པ་ཡིན་ནོ། །

   སྤྱོད་ལམ་དལ་བ་བསྟེན་ཏེ། དྲག་ཤུལ་གྱི་འདུ་བ་འཁྲུགས་པའི་ལས་རྣམས་སྤང་དགོས།

   དཔྱད་དུ་ཚ་བ་ཆོགས་ནས་དང་བོ་རུ་ཐུང་དང་དེ་ནས་དྲུག་མགོ་སོགས་སྐབས་དང་སྦྱར་ནས་གཏར་དགོས་ཀྱང་ལུས་ཟུངས་བཟང་ངན་དང་ཁྲག་ངན་གྱི་འདོན་ཚད་སོགས་ལ་ཉམས་འཇོག་བྱེད་པ་གལ་ཆེ་བ་ཡིན་ནོ། །

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།