མཆེར་བའི་ནད་བཅོས་ཐབས།
མཆེར་བའི་ནད་བཅོས་ཐབས་ལ། ཀོ་ལ་བཅོ་བརྒྱད་བཏང་། དཔྱད་དུ་མཆེར་གསང་ལ་མེ་བཙའ་བྱ། ཟས་སྤྱོད་བསིལ་དྲོད་མཉམ་པ་བསྟེན་དགོས་སོ། །མཆེར་ནད་བྱེ་བྲག་གི་བཅོས་ལ། མཆེར་ནད་ཚ་བ་ལ། མན་རྒྱུད་ལི་ཤི་བདུན་པ་དང་། ཀོ་ལ་གསུམ་པ་དང་། ཅུ་གང་བདུན་པ་དང་། ཙན་དན་བཅོ་བརྒྱད་དང་། ག་བུར་དགུ་བ་དང་། ཕྱི་རྒྱུད་མཆེར་ནད་སེལ་བའི་གུར་ཀུམ་བདུན་པ་དང་། མཆེར་ནད་སེལ་བའི་ཨ་རུ་བདུན་པ་སོགས་སྐབས་དང་བསྟུན་ནས་བཏང་དགོས་སོ། །དཔྱད་ལ་རུ་ཐུང་གཡོན་པ་དང་། རྟ་མཐུར་དང་། སྲིད་ལག་རྒྱབ་རྩ་སོགས་མཆེར་རྩ་གཏར་བར་བྱའོ། །
མཆེར་ནད་ཁྲག་སྦོས་ལ། མན་རྒྱུད་མ་ནུ་དགུ་བ་བཏང་ཞིང་ངར་གདོང་གི་མཆེར་རྩ་གཏར་བར་བྱའོ། །
མཆེར་རླུང་དང་མཆེར་བའི་བད་ཀན་གྱི་ནད་གཉིས་ཀ་ལ། ཤིང་ཀུན་དང་ཁ་རུ་ཚྭ་གཉིས་བསྡུས་པའི་ཐང་དང་། མན་རྒྱུད་ད་ལིས་བརྒྱད་པ་སོགས་བཏང་། མཆེར་བའི་སྟེང་དང་ཚིགས་པ་བཅུ་གཅིག་པ་ཁ་གསུམ་བསྲེག མཆེར་ནད་ཕྱི་ས་རླུགས་པའི་ནད་ལ། བ་སྤྲུ་དང་རྒྱམ་ཚྭ་དང་ཁ་རུ་ཚྭའི་ཕྱེ་མ་བཏང་ཞིང་། མཆེར་བའི་སྟེང་དང་ཚིགས་པ་བཅུ་གཅིག་པ་ཁ་གསུམ་དུ་མེ་བཙའ་གདབ།
མཆེར་ནད་གྲང་བའི་རིགས་སྤྱི་ལ། རྒྱམ་ཚྭ་བཞི་བ་དང་སེ་འབྲུ་བཞི་བ་གང་རུང་གི་སྟེང་དུ་ཁྱུང་ལྔ་དང་ཀ་ཀོ་ལ་བསྣན་པ་གཏོང་། དབང་ལག་དང་གེ་སར་གསུམ་བུ་རམ་དང་སྦྱར་བ་བསྟེན་ཏེ་མཆེར་བའི་ཁམས་གསོ་དགོས། ཟས་དང་སྤྱོད་ལམ་བསིལ་དྲོད་སྙོམས་པ་བཏང་ཞིང་ཆང་དང་ཨ་རག་གཏན་ནས་འཐུང་མི་རུང་བ་ཡིན་ནོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com