ཚ་དྲགས་པའི་ཟས་རིགས་ཟོས་ན་བདེ་ཐང་ལ་གནོད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཚན་རྩལ་དྲ་བ། དུས་ཚོད།:2008-03-07 10:50:05 ཀློག་གྲངས།:
   ཚ་དྲགས་པའི་ཟས་རིགས་ཀྱིས་ཁ་ནང་གི་རྩི་སྐྱི་ལ་ཁྲག་རྒྱས་སུ་འཇུག་པ་དང༌།   རྩི་སྐྱི་རྨས་ན་རུལ་བའི་རང་བཞིན་དུ་གྱུར་ནས་ཁ་ནང་སྲུང་སྐྱོབ་ཀྱི་ནུས་པ་ཉམས་འགྲོ།   ཚ་དྲགས་པའི་ཟས་ཀྱིས་སོ་དང་སོ་སྙིལ་ཚང་མར་གནོད་པ་ཡོད།   སོ་སྙིལ་རུལ་བ་དང་མ་འཕྲོད་པའི་རང་བཞིན་གྱི་སོ་ན་བ་ཡིན།   ད་དུང་མིད་པའི་རྩི་སྐྱི་ཉམས་ནས་རྩི་སྐྱི་སླར་སྐྱེ་ལ་གནོད་ཅིང་གཉན་ཚད་སོགས་འབྱུང་བ་ཡིན།   ཡུན་རིང་དེ་ལྟར་བྱས་ན་ཉེན་ཁ་ཅན་གྱི་ནད་ལ་འགྱུར་སྲིད།   འབྲེལ་ཡོད་གསལ་འཕྲིན་ལྟར་ན་མིད་པའི་འབྲས་སྐྲན་ཀྱང་ཚ་དྲགས་པའི་ཟས་ཟོས་པ་དང་འབྲེལ་བ་ཡོད་ཟེར།  གཞན་ཡང་ཡུན་རིང་གོམས་གཤིས་དེ་ལོབས་ན་ལྕེ་ཡི་རོ་མྱོང་ཚོར་བ་ཉམས་ངེས་ཡིན། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།