རྒན་པས་དགོང་ཟས་སྔ་མོ་ནས་འཐུང་ན་བཟང༌།
ད་སྐབས་ཀྱི་རྒན་པ་རྣམས་རང་གི་བུ་བུ་མོར་བསྒུགས་ནས་མཉམ་དུ་ཟ་མ་ཟ་བར་དགའ་བ་རེད། ཡིན་ནའང་བུ་བུ་མོ་ལས་གྲོལ་བྱས་རྗེས་དུས་ཚོད་ལྔ་དྲུག་ལ་ཐོན་པ་དང་དེ་ནས་ཟ་མ་སྐོལ་ནས་དགོང་ཟས་ཟོས་ཚེ་དུས་ཚོད་བདུན་བརྒྱད་ལ་ཐོན་ངེས། འདི་ལྟ་བུའི་འཚོ་བའི་གོམས་གཤིས་རྒན་པའི་བདེ་ཐང་ལ་ཧ་ཅང་མི་འཚམ་པ་རེད།
མི་རྒས་རྗེས་ཟས་འཇུ་བའི་ཕན་ནུས་ཉམས་བཞིན་ཡོད། རྒན་པས་དུས་ཚོད་བདུན་ནམ་བརྒྱད་སྟེང་ཟ་མ་ཟོས་རྗེས། དུས་ཚོད་དགུ་དང་བཅུའི་སྟེང་ངལ་གསོ་བ་དང༌། དེའི་ཕྱིར་དུས་ཚོད་གཅིག་གམ་གཉིས་ལ་ཟས་འཇུ་དཀའ་བས། རྒན་པ་གཉིད་ལོག་སྐབས་ཕོ་བ་སྦོས་པ་དང་ཡི་ག་འགག་པ་སོགས་ཀྱི་ནད་རྟགས་འབྱུང་ལ། མཚམས་རེར་རླན་ཚད་འཇུ་བ་ཧ་ཅང་མགྱོགས་པོ་ཡིན་པ་དང༌། ནམ་གུང་ཐེངས་གཉིས་གསུམ་རེ་ལངས་དགོས་པས་གཉིད་མི་བདེ་བ་རེད།
རྒན་པས་དགོང་ཟས་ངེས་པར་དུ་དུས་ཚོད་བདུན་གྱི་སྔོན་ལ་འཐུང་ཚར་ན་ལེགས། འདི་ལྟར་བྱས་ཚེ་ད་གཟོད་དགོང་ཟས་ཟོས་རྗེས་ཀྱི་དུས་ཚོད་བེད་སྤྱད་ནས་འཆམ་འཆམ་དུ་འགྲོ་བ་དང་འགུལ་སྐྱོད་བྱས་ཏེ་ཟས་འཇུ་བར་བྱེད་དགོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com