ནངས་སྔ་མོ་ཚྭ་ཆུ་དང་དགུང་མོ་སྦྲང་རྩི་འཐུང་ན་ཕན།
དགུན་ཁའི་ནམ་ཟླར་སྐམ་ཤས་ཆེ་བས་དུས་རྒྱུན་དུ་མི་ལ་ཚ་དྲོད་རྒྱས་པ་དང་རྩ་འགག་པ། ཟས་མི་འཇུ་བ་སོགས་ཀྱི་ན་ཚུལ་འབྱུང་ངེས། ཀྲུང་ལུགས་གསོ་རིག་གི་ལུས་གསོ་རིག་པ་ལས“ནངས་སྔ་མོ་ཚྭ་ཆུ་དང་དགུང་མོར་སྦྲང་རྩི་འཐུང་ན་ཕན”ཞེས་པ་དེ་དགུན་དུས་སུ་ཧ་ཅང་རན་པ་རེད།
ཀྲུང་ལུགས་གསོ་རིག་ལས་ཚྭ་ཁུ་ལ་ཚ་འཇོག་པ་དང་དུག་སེལ་བ་བཅས་ཀྱི་ནུས་པ་ཡོད། དེའི་རྐྱེན་གྱིས་ནངས་སྔ་མོ་མལ་ལས་ལངས་རྗེས་ཁོག་སྟོང་དུ་ཚྭ་ཆུ་དཀར་ཡོལ་གང་འཐུང་ན་ཚ་ཞི་བ་དང་མཁལ་མར་ཕན་པ། རྩ་གཏོང་བདེ་བ། ཕོ་བའི་ཟས་འཇུ་བ་དང་བསྡུ་ལེན་བྱེད་པའི་ཕན་ནུས་ཇེ་ལེགས་སུ་འགྲོ་ངེས།
སྦྲང་རྩི་འཐུངས་ན་ལུས་སྟོབས་ཀྱི་ཉམས་གསོ་བ་དང༌། རྩ་དཀར་གྱི་ནད། དབང་བོ་མི་གསལ་བ། ཤ་འཕེལ་གྱི་ནད། ན་ཟུག་འཇགས་པ། དུག་སེལ་བ་བཅས་ལ་ཕན་པ་དང༌། དེ་ལས་རྒྱུན་ལྡན་དུ་ཕོ་ནུས་ཉམས་པ་དང་ཟས་མི་འཇུ་བ། གློ་བ་ཉམས་པ་དང་དབུགས་འཚང་བ། རྩ་འགག་པ་སོགས་ཀྱི་ནད་ལ་ངེས་པར་དུ་ཕན་པ་རེད། དེང་རབས་གསོ་རིག་ཞིབ་འཇུག་ལས་བདེན་དཔང་བྱས་པ་ལྟར་ན། སྦྲང་རྩི་ནང་རྒུན་འབྲུམ་མངར་ཆ་དང་འཚོ་བཅུད། ལིན། ཀེད་སོགས་ཀྱི་གྲུབ་ཆ་འདུས་པས་དབང་རྩའི་མ་ལག་གི་ཕན་ནུས་ལ་སྙོམས་སྒྲིག་བྱེད་ཐུབ་ཅིང་ཟས་ཀྱི་དང་ག་ཇེ་ཆེར་འགྲོ་བ་དང་གཉིད་ལོག་པའི་སྔོན་དུ་སྦྲང་རྩི་ཧའོ་ཧྲིན10ནས20ཆུ་ཁོལ་ནང་བླུགས་ནས་འཐུང་ན་མཚེར་གསོ་ཕོ་བདེ་དང་ཕོ་མཚེར་གསོས་ནས་ལུས་ཟུངས་རྒྱས་ཐུབ་པ་མ་ཟད། ད་དུང་སེམས་འཇགས་པ་དང༌། སུན་སྣང་མེད་པ་བཅས་ཀྱི་ནུས་པ་ཐོན་ངེས།
ཚྭ་ཆུ་དང་སྦྲང་རྩི་འཐུང་སྐབས་ཀྱང་མཉམ་འཇོག་དགོས་པ་ཞིག་ནི་ཚྭ་ཁུ་ནང་རྫས་སྣ་མང་པོ་འདུས་པས་ཁྲག་རྩ་ཇེ་མཐོར་འགྲོ་ངེས། དེའི་ཕྱིར་ཆུ་ཧའོ་ཧྲིན100ཡི་ནང་ཚྭ་ཁུ་ཁི0.9བཏབ་ན་ལེགས།
མཁལ་ཕོར་གྱི་དྲག་ནད། མཆིན་པ་མཁྲེགས་འགྱུར། ཆུ་བསགས་ནད་པ་བཅས་ཀྱིས་རབ་ཡིན་ན་ཆུ་ཁོལ་གྱིས་ཚབ་བྱས་ནས། མཁལ་མ་དང་སྙིང་ནད་འཕར་བར་གཡོལ་དགོས། སྦྲང་རྩི་ནང་དུ་མངར་ཆ་འདུས་ཚད་ཅུང་མང་པས། གཅིན་སྙི་ཟ་ཁུའི་ནད་པས་འཐུང་མི་རུང༌།
གཞན་ཡང་ཚྭ་ཆུ་དང་སྦྲང་རྩི་གཉིས་ངེས་པར་དུ་མཉམ་དུ་འཐུང་དགོས། རྒྱུ་མཚན་ནི་སྦྲང་རྩིའི་ནང་ཅ་འདུས་ཚད་ཅུང་མཐོ་བས། ལུས་སྟེང་གི་ནཱ་ལྷག་མ་ཕྱིར་ཕུད་པར་ནུས་པ་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com