སྐད་ཆེན་པོས་བགད་ན་བདེ་ཐང་ལ་ཕན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཚན་རྩལ་དྲ་བ། དུས་ཚོད།:2008-03-09 09:28:52 ཀློག་གྲངས།:

   འཇར་མན་གྱི་ཚན་རིག་པས་ཞིབ་འཇུག་བྱས་པ་ལྟར་ན།   སྐད་མཐོན་པོས་ཆུ་ཚོད་གཅིག་ལ་བགད་ན།   ཆུ་ཚོད་སྐར་མ་ཞེར་ལྔར་འགུལ་སྐྱོད་བྱས་པ་དང་མཚུངས་ཏེ།   མིའི་བཞིན་མདངས་རྒྱས་ལ།   ཚོ་ཉམས་སུ་འཇུག་པའི་ནུས་པ་ཡོད།   མི་ཞིག་སྐད་ཆེན་པོས་དགོད་དུས།   ཕྲག་པ་གཉིས་དང་བྲང་ཁོག་འགུལ་ཡོམ་བྱེད་ཅིང༌།  འཕྲེད་བཅད་སྐྱི་ཤ་གཡོ་བ།   ཁྲག་ཤད་ཡར་འཕགས་པ།   ཁྲག་རྒྱུན་གྱི་དབྱང་འདུས་ཚད་ཇེ་མང༌དུ་འགྲོ་བ།   ཀླད་པ་ལས་རྫས་འགྱུར་དངོས་པོ་རིགས་ཤིག་ཕྱིར་གཏོང་བ་སོགས་བྱེད་པས།   མི་སེམས་སྤྲོ་བས་ཁེངས།   དགོད་མཚམས་བཞག་རྗེས་ཁྲག་ཤེད་ཕྱིར་འབབ་ཅིང༌།   སེམས་འཚབ་བྱེད་ཀྱི་ཟགས་ཐོན་དངོས་རྫས་ཧོར་མེང་ཇེ་ཉུང་ལ་གཏོང་ཐུབ་པ་དང༌།   ནད་འགོག་ནུས་པའང་ཇེ་ཆེར་འགྲོ་བ་ཡིན།   དེའི་ཕྱིར་བགད་ན་ལུས་ཕུང་ལ་ཕན་ཞིང༌།   ཞོར་དུ་སྨན་གསོའི་ནུས་པ་ཡོད་རྐྱེན།  སྐད་མཐོན་པོས་དགོད་པ་འཇར་མན་དུ་དར་བ་ཧ་ཅང་མགྱོགས། 

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།