སོ་བལ་ན་ཀླད་པའི་དྲན་ཤུགས་ཉམས་ངེས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཚན་རྩལ་དྲ་བ། དུས་ཚོད།:2008-03-11 09:23:01 ཀློག་གྲངས།:

   1988ལོ་ནས་བཟུང་སུའུ་ཏེན་ཡུས་མའོ་ཨོ་སློབ་གྲྭ་ཆེན་མོའི་ཞིབ་འཇུག་མི་སྣས་ལོ15རིང་གི་དུས་ཡུན་ནང་ལོ་ཚོད35ནས90ཡས་མས་ཀྱི་དང་བླངས་པ1962ལ་རྗེས་འདེད་རྟོག་ཞིབ་བྱས་ཏེ།   སོ་ཚང་ཞིང་བདེ་ཐང་ཡིན་པའི་དང་བླངས་པའི་དྲན་ཤུགས་དང་སོ་ཚང་མ་བལ་ཅིང་རྫུན་མ་བཙུགས་པའི་དང་བླངས་པའི་དྲན་ཤུགས་ལ་ཞིབ་བསྡུར་བྱས།  ཚན་རིག་པས་སློབ་གསོ་དང་ལོ་ཚོད།   ནད་རིགས་སོགས་རྒྱུ་རྐྱེན་གཞན་དག་ཚང་མ་འདྲ་མཚུངས་ཡིན་པའི་གནས་ཚུལ་འོག  སོ་ཚང་ཞིང་བདེ་ཐང་ཡིན་པའི་མི་ཡི་དྲན་ཤུགས་མངོན་གསལ་གྱིས་སོ་བལ་ཟིན་པའི་མི་ལས་བཟང་བ་ཤེས་བྱུང༌། 

      ཡུས་མའོ་ཨོ་སློབ་གྲྭ་ཆེན་མོའི་སེམས་ཁམས་རིག་པའི་སློབ་དཔོན་ཆེན་མོ་གཞོན་པ་དབྱང·པིས་ལེ་ཏར་གྱིས་བཤད་དོན།  ངོ་ཚོ་རང་ཉིད་ཀྱང་མཇུག་འབྲས་འདི་ལ་ཧ་ལས་པ་ཞིག་རེད།  སོ་ན་དུས་བལ་ན་མི་ཡི་དྲན་པ་ཕྱེད་ཀ་ཡང་དེ་དང་བསྟུན་ནས་ཉམས་འགྲོ་ངེས།  ཁོས་ཞིབ་འཇུག་བྱས་པའི་འབྲས་བུ་ལས་མཚོན་པ་ལྟར་ན།   སོ་བལ་ན་སོ་དང་ཀླད་པའི་བར་གྱི་དབང་རྩ་གཅོད་ངེས་ལ།   དེ་ལས་དྲན་པ་ལ་གནོད་བསྐྱལ་བ་རེད་ཅེས་བསྟན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།