སྦྲུམ་མས་ཉ་ཤ་མང་པོ་ཟོས་ན་ཕན་པ་ཆེ།
ཏེན་མག་ཞིབ་འཇུག་པས་ཉེ་ཆར་སྦྲུམ་མས་ཉ་ཤ་མང་པོ་ཟོས་ན་ཕན་ཆེ་བ་དང༌། མངལ་སྦྲུམ་པའི་ཟླ་ཁ་འདང་ཞིང༌། བཙས་པའི་ཕྲུ་གུ་ཡང་སྤྱིར་བཏང་གི་ཕྲུ་གུ་ལས་ལྷག་ཏུ་བདེ་ཐང་དང་རྣམ་རིག་གསལ་བ་གསལ་བོར་རྟོགས་བྱུང༌། ཞིབ་འཇུག་མི་སྣས་སྦྲུམ་མ8000ལྷག་གི་བཟའ་བཏུང་གི་གནས་ཚུལ་ལ་ཞིབ་བསྡུར་བྱས། ཁོ་ཚོར་མངལ་སྦྲུམ་པའི་དུས་སྐབས་སུ་ཉ་ཤ་ཟ་བའི་ཚད་དྲིས་པ་ན། དུས་རྒྱུན་ཉ་ཤ་ཟ་བའི་སྦྲུམ་མ་དེ་དག་ལ་ཟླ་ཁ་མ་གང་བར་ཕྲུ་གུ་བཙའ་བ་དང་ལྗིད་ཚད་ཅུང་ཡང་བའི་ཕྲུ་གུ་བཙའ་བའི་གནས་ཚུལ་དེ། རྒྱུན་པར་ཉ་ཤ་མི་ཟ་བ་དང་ཡང་ན་ཉ་ཤ་ཉུམ་ཙམ་ཟ་བའི་སྦྲུམ་མ་ལས་དམའ་བ་ཤེས་བྱུང༌།
བརྟག་དཔྱད་བྱས་པ་ལས་ད་དུང་གཟའ་འཁོར་གཅིག་ལ་ཉ་ཤ་ཐེངས་གཅིག་ཟོས་ན། གཏན་ནས་ཉ་ཤ་མི་ཟ་བའི་སྦྲུམ་མས་ཟླ་ཁ་མ་གང་བར་ཕྲུ་གུ་བཙའ་བ་དེ7.1%ནས1.9%ལ་ཇེ་དམའ་རུ་འགྲོ་བ་རྟོགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com