མི་གང་དག་གིས་ཇ་འཐུང་མི་འོས།
མཁལ་ནུས་མི་བཟང་བའི་མིས་དགོང་ཟས་རྗེས་ནས་ཉལ་བའི་བར་དུ་ཇ་མང་པོ་འཐུང་མི་འོས། གལ་ཏེ་ཇ་མང་པོ་འཐུང་ན་མཚན་མོའི་གཅིན་མང་དུ་སོང་ནས་གཉིད་ཡོང་བར་ཤུགས་རྐྱེན་བཟོ་ངེས།
ཕོ་རྒྱུ་མི་བཟང་པ་དང་ཕོ་བའི་ནུས་སྟོབས་ཞན་པ། ཡང་ན་ལུས་ཕུང་གྲང་བ་ཅན་གྱིས་ཇ་འཐུང་ན། ཕོ་རྒྱུའི་ནུས་སྟོབས་ཇེ་ཞན་དང། འཚོ་རྒྱུB2དང་ལྕགས་འཇུ་ལེན་བྱེད་པར་བཀག་འགོག་བྱས་ནས། ཕོ་བ་ན་བར་བྱེད་སྲིད།
ལོ་ན་གསུམ་མན་ཆད་ཀྱི་བྱིས་པས་ཇ་འཐུང་མི་རུང༌། རྒྱུ་མཚན་ནི་ཇ་ནང་གི་རཱག་སྐྱུར་དང་ཕོ་བའི་ནང་གི་ལྕགས་རྫས་གཉིས་འཕྲད་ན་རྫས་འགྱུར་ནུས་པ་ཐོན་ནས་བཞུ་དཀའ་བའི་མཁྲེགས་རྫས་སུ་གྱུར་ཏེ། ལྕགས་རྫས་ཉུང་བའི་རང་བཞིན་གྱི་ཟུངས་ཁྲག་ཉམས་པའི་ནད་འབྱུང་སླ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com