རྐྱེན་སྤངས་ན་ནད་མི་འབྱུང་བའི་ཚུལ།

རྩོམ་པ་པོ།:བདུད་མགོན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-03-15 11:30:09 ཀློག་གྲངས།:

   དེ་ཡང་རྣམ་པར་གྱུར་བའི་རླུང་ནད་དྲུག་ཅུ་རྩ་གསུམ་མམ། མཁྲིས་ནད་ཞེ་བདུན་ནམ། བད་ཀན་གྱི་ནད་སོ་གསུམ་སོགས་གང་ཡང་རུང་བ་དེ་དག་ཡང་དུས་དམན་ལྷག་ལོག་པ། གདོན་གྱིས་རྐྱེན་ནམ། ཟས་སྐོམ་མ་འཕྲོད་པའམ། སྤྱོད་ལམ་དམན་ལྷག་ལོག་པ་སོགས་གང་རུང་གི་རྐྱེན་གྱིས་སྐྱེད་པ་ལས་བྱུང་བའམ་བསླང་བ་ཡིན་ཏེ། དེ་ལ་རྒྱུད་ལས། ནད་ཀུན་རྒྱུ་ལས་རྐྱེན་གྱིས་བསླང་ལས་བྱུང་། ། རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད། །དེ་ཕྱིར་ནད་རྣམས་ཀུན་གྱི་རྐྱེན་སྤང་བྱ། ། ཞེས་གསུངས་པ་ལྟར། ཤིང་ལས་མེ་འབར་བར་དཔེ་བཀོད་ནའང་འབྲས་བུ་མེ་འབྱུང་རུང་བའི་རྒྱུ་ཤིང་རང་ལ་དངོས་སུ་ཡོད་ཀྱང་དེ་ཡང་རྐྱེན་དང་མ་འཕྲད་ཚེ་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད་པ་ལྟར་ཡིན་པས་ཉོན་མོངས་བ་ལས་སྐྱེད་པའི་རླུང་མཁྲིས་བད་ཀན་གསུམ་པོ་དང་དེ་ལས་སྐྱེད་པའི་ནད་ཅན་གྱི་སྲིན་བུ་བརྒྱད་ཁྲི་བཞི་སྟོང་སོགས་ལས་ལུས་འདི་ཡོངས་སུ་གྲུབ་པའམ་ཀུན་ནས་སྐྱེད་པ་ཡིན་ཏེ། དེ་ཡང་ལུས་རང་ལ་འབྲས་བུ་ནད་འབྱུང་རུང་རྒྱུ་ཀུན་ནས་ཚོགས་གྱུར་ཀྱང་། དེ་རྐྱེན་དུས་གདོན་ཟས་སྤྱོད་སོགས་དང་མ་འཕྲད་ཚེ་འབྲས་བུ་ནད་འབྱུང་བ་མི་སྲིད་པ་ཡིན་པའི་རྒྱུ་མཚན་གྱིས་ན་ང་ཚོས་གོང་བཤད་ཀྱི་དགོས་དེ་དག་གི་ཆེད་དུ་ནད་རྐྱེན་སྤང་ན་ལུས་ནད་མེད་ཐ་མལ་དུ་གནས་ཐུབ་པ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།