H1N1རིགས་ཀ་པའི་ཆམ་འགོག་་ཐད་ཀྱི་ཤེས་བྱ།

རྩོམ་པ་པོ།:མིང་མི་གསལ། ཡོང་ཁུངས།: མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2010-11-09 10:47:00 ཀློག་གྲངས།:

         གཅིག  ཅི་ཞིག་ལH1N1རིགས་ཀ་པའི་ཆམ་རིམས་ཟེར།
        འགོས་ཚད་ཆེས་མགྱོགས་པའིH1N1རིགས་ཀ་པའི་ཆམ་རིམས་ནི་ངོ་བོ་འགྱུར་རྗེས་ཀྱིH1n1རིགས་ཀ་པའི་ཆམ་རིམས་ནད་དུག་གིས་བསླངས་བའི་དབུགས་ལམ་གྱི་འགོས་ནད་དྲག་པོ་ཞིག་ཡིན།
        གཉིས། H1N1རིགས་ཀ་པའི་ཆམ་རིམས་ལ་ནད་ཐོག་མངོན་ཚུལ་གང་དག་ཡོད།
        མི་མང་པོ་ཞིག་ལH1N1རིགས་ཀ་པའི་ཆམ་རིམས་འགོས་རྗེས་ནད་རྟགས་ཉུང་བ་དང་།ཐོག་མའི་ནད་རྟགས་ནི་སྤྱིར་བཏང་གི་ཆམ་རིམས་ཀྱི་ནད་རྟགས་དང་གཅིག་མཚུངས་ཡིན་པ་སྟེ།ཚ་ལངས་བ་དང་།སྣ་ཆུ་བཞུར་བ།སྣ་ཚུབ་པ།མིད་པ་ན་བ།གློ་ལུ་བ།མགོ་ན་བ།ཤ་གནད་ན་བ།ལུས་ཟུངས་ཟད་པ།སྐྱུགས་པ་དང་ཕོ་བ་བཤལ་བ་བཅས་ཀྱི་ནད་རྟགས་ཡོད།
         གསུམ། H1N1རིགས་ཀ་པའི་ཆམ་རིམས་དེ་ཇི་ལྟར་འགོ་བ་ཡིན།
         ཆམ་རིམས་ནད་དུག་གི་འགོ་ཚུལ་ནི་མཁའ་དབུགས་དང་མཆིལ་ཟེགས་བརྒྱུད་ནས་འགོ་བ་ཡིན།ནད་པ་དང་ནད་དུག་ཡོད་པའི་མིས་སྐད་ཆ་བཤད་པ་དང་གློ་ལུ་བྱེད་པ།སྣ་སྦྲིད་རྒྱག་པ་སོགས་བརྒྱུད་ནས་ནད་དུག་དེ་མཁའ་དབུགས་ཁྲོད་ཁྱབ་པ་དང་།མི་ཚོགས་ཁྲོད་དུ་ནད་འགོ་སླ་བའི་མིས་མཁའ་དབུགས་འབྱིན་རྔུབ་བྱས་མ་ཐག་ཕན་ཚུན་ལ་འགོ་བཞིན་ཡོད།དེ་མིན་ད་རུང་ཆམ་རིམས་ནད་དུག་དེ་བྱིས་པའི་རྩེད་ཆས་དང་ཟས་སྣོད།ལག་ཕྱིས་སོགས་བརྒྱུད་ནས་ཕན་ཚུན་ལ་འགོ་བ་རེད།དེའི་ནང་ལག་པ་ཕན་ཚུན་ལ་ཐུག་རེག་བྱས་ནས་འགོ་བ་ནི་ཆམ་རིམས་ནད་དུག་གི་མཆེད་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད།
        བཞི། མི་གང་དག་ལH1N1རིགས་ཀ་པའི་ཆམ་རིམས་འགོ་སླ་ཡིན།
        ལོ་ལོན་དང་བྱིས་པ།ལུས་སྟོབས་ཞན་པའི་མི།ནད་མང་བའི་ནད་པ་བཅས་ལ་འགོ་སླ་བ་རེད།ཆམ་རིམས་ནད་དུག་གི་ངོ་བོ་རྒྱུན་པར་འགྱུར་བཞིན་ཡོད་པས།ལོ་གཅིག་གི་སྔོན་ལ་ཆམ་རིམས་འགོས་མྱོང་བ་ཞིག་ཡིན་ན།ལོ་རྗེས་མར་ཡང་བསྐྱར་ཆམ་རིམས་འགོ་སྲིད།
        ལྔ། ཆམ་རིམས་སྔོན་འགོག་བྱེད་པར་བྱེད་ཐབས་གང་དག་ཡོད།
         མི་རང་ཉིད་ཀྱིས་སྔོན་འགོག་བྱེད་པར་འགུལ་སྐྱོད་མང་པོ་བྱེད་པ་དང་།རྒྱུན་དུ་ལུས་ཕུང་སྦྱོང་བརྡར་བྱས་ཏེ་རིམས་འགོག་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ།འཕྲོད་བསྟེན་གོམས་སྲོལ་བཟང་བོ་ཆགས་སུ་འཇུག་རྒྱུ་ནིH1N1རིགས་ཀ་པའི་ཆམ་རིམས་སྔོན་འགོག་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན།
         དེ་ལ་མཉམ་འཇོག་བྱེད་དགོས་ས་ལྔ་ཡོད་དེ།ལག་པ་བཀྲུ་བ་དང་ཁ་ཐུམ་རྒྱག་པ།ཆམ་རིམས་ནད་པར་གཡོལ་བ།ཁང་བའི་ནང་མཁའ་དབུགས་གསར་བ་རྒྱུ་བར་བྱེད་པ།མི་མང་འདུ་སར་མི་འགྲོ་བ་བཅས་ཡིན།
        གལ་ཏེ་ཆམ་རིམས་ཀྱི་ནད་རྟགས་སྟེ་ཚ་རྒྱས་པ་དང་སྣ་ཆུ་བཞུར་བ།སྣ་ཚུབ་པ།མིད་པ་ན་བ།གློ་ལུ་བྱེད་པ།མགོ་ན་བ།ཤ་གནད་ན་བ།ལུས་ཟུངས་ཟད་པ་སོགས་ཀྱི་སྣང་ཚུལ་ཡོད་ན་དུས་ཐོག་ཏུ་སྨན་ཁང་གི་ཚ་རྟགས་སྒོ་བསྟེན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས།
        དྲུག ཁྱིམ་ནས་ཚ་དྲོད་ལ་བལྟ་སྐབས་བྱེད་ཐབས་གང་དག་སྤྱོད་དགོས།
        ཉིན་རེའི་སྔ་སེས་དང་དགོང་མོར་ཚད་ལེན་དཔྱད་ཆས་ཀྱིས་ལུས་པོའི་ཚ་དྲོད་ལ་བརྟག་ནས་ཟིན་ཐོར་འགོད་པ་དང་།གལ་ཏེ་ལུས་ཀྱི་དྲོད་ཚད་ཏུའུ37ཡན་ལ་བསླེབས་པའམ་སྣ་ཆུ་བཞུར་བ།མིད་པ་ན་བ།སྣ་ཚུབ་པ།གློ་ལུ་བྱེད་པ་སོགས་ཀྱི་ནད་རྟགས་ཡོད་ན་མྱུར་དུ་རང་ས་གནས་དང་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་སོང་ནས་ཡར་ཞུ་བྱེད་དགོས།
         གཞན་ད་རུང་ཟ་འཐུང་གི་རིགས་ལ་ཚྭ་ཁུ་དང་དྲོད་རྫས་མང་མི་རུང་བ་དང་།གཉིད་མི་ཆག་པ།ལུས་ཕུང་སྦྱོང་བརྡར་འོས་འཚམ་བྱེད་པ།ཆང་མི་འཐུང་བ་དང་དུ་བ་མི་འཐེན་པ།གློ་ལུ་བྱེད་པ་དང་སྣ་ཚུབ་སྐབས་མི་གཞན་ལ་འགོ་བར་མཉམ་འཇོག་བྱེད་དགོས།རྒྱུན་དུ་འདག་རྫས་དང་ཆུ་གཙང་མས་ལག་པ་བཀྲུ་དགོས།ཁྱིམ་མིའི་ཟས་སྣོད་ཕན་ཚུན་ལ་བསྲེས་མི་རུང་བ་མ་ཟད།ཟས་སྣོད་བཀོལ་སྤྱོད་བྱས་རྗེས་དུག་སེལ་ནན་མོ་བྱེད་དགོས།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།