བོད་ལྗོངས་སྨན་རྫས་ཐོན་ལས་ཀྱི་ལོ་རེའི་ཐོན་འབབ་དུང་ཕྱུར14ལས་བརྒལ་བ།
ཉེ་ལམ། རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་བོད་སྨན་ཁེ་ལས་དང་ཚན་ཞིབ་སྡེ་ཁག་གིས་རང་འགུལ་སྒོས་ཚན་ ཞིབ་འབད་བརྩོན་བརྒྱུད། བོད་སྨན་ཚད་ལྡན་ཅན་གཏན་འབེབ་ལ་སྐུལ་འདེད་དང་། མཉམ་སྦྱོར་སྡེབ་རྫས་རིགས་མང་པོ་ཚན་ཞིབ་བཟོ་བསྐྲུན་བྱས། ལོ་འགའི་ཐོན་ལས་ཅན་གྱི་འཕེལ་རྒྱས་བརྒྱུད། བོད་ལྗོངས་བོད་ཀྱི་སྨན་རྫས་མ་ལག་གཞི་རྩའི་སྟེང་གྲུབ་ཡོད་ཅིང་། ད་སྔ་བསྡོམས་པས་དེང་རབས་ཅན་བོད་ཀྱི་སྨན་རྫས་ཐོན་སྐྱེད་ཁེ་ལས21ཡོད་པ་དང་། 2015ལོར་བོད་ཀྱི་སྨན་རྫས་ཁེ་ལས་ཀྱི་ལོ་རེའི་ཐོན་འབབ་དུང་ཕྱུར14.5ལ་བསླེབས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com