-
སྤྱི་ཟླ8ཚེས18ཉིན་གྱི་དགོང་མོ།བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་གཙོ་གནད་ཐོག་གསར་བཞེངས་བྱས་པའི་བོད་ལྗོངས་ཀྱི་ལོ་ཆུང་བྱིས་པའི་གར་སྟེགས་ཐོག་གི་ལྷ་མོའི་འཁྲབ་གཞུང་ཐོག་མ«དོན་ཡོད་དོན་གྲུབ»ཅེས་པ་ངོ་མཚར་སྟོང་གི་ཕྱུག་པ་དེ་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་འཁྲབ་སྟོན་བྱས་པ་དང་།2023ལོའི་ལྷ་ས་གྲོང་ཁྱེར་ཞོ་སྟོན་གྱི་རྩེར་སོན་འཁྲབ་ཚན་གྱི་འཁྲབ་སྟོན་བྱེད་སྒོའི་གྲུབ་ཆ་ཞིག་ཏུ་གྱུར།ཟློས་གར་འདིས་གནའ་སྔ་མོའི་ཟངས་གླིང་ཟེར་བའི་རྒྱལ་ཁབ་གཅིག་དང་།དེའི་རྒྱལ་སྲས་དོན་ཡོད་དང་དོན་གྲུབ་སྐུ་མཆེད་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་དང་ཕན་ཚུན་གྱི་བརྩེ་བ་ཟབ་མོའི་བྱུང་རིམ་ཡིད་དབང་འཕྲོག་པ་གླེང་ཡོད་ཅིང་།རྒྱལ་སྲས་གཉིས་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ།མཐར་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲིད་བསྐྱངས་བའི་གཏམ་རྒྱུད་བརྗོད་ཡོད།འཁྲབ་སྟོན་བྱེད་སྐབས་དྲ་ཐོག་དང་དྲ་འོག་ཟུང་འབྲེལ་གྱི་ཐབས་ལམ་བཟུང་སྟེ་རྒྱ་ཆེའི་གཟིགས་མོ་བ་དང་མཉམ་དུ་ལོ་ཆུང་བྱིས་པའི་ལྷ་མོའི་ཟློས་གར་གྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་འཚོལ་ཞིབ་བྱས་ཡོད།ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྟོད་ལུང་བདེ་ཆེན་ཆུས་སོགས་ནས་ཡོང་བའི་གྲོགས་པོ་ཆུང་ཆུང38ཞུགས་ནས་ཟླ་གཉིས་ལྷག་ཙམ་གྱི་དགུན་གསེང་གི་ལས་ཞོར་དུས་ཚོད་སྤྱད་དེ་གཅིག་སྡུད་ཐོག་ནང་སྦྱོང་བྱས་པ་རེད།...
2023-08-21 09:02:13 མཚོ་སྔོན་པོ་དྲ་བ། 14253 -
སྤྱི་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་གྱི་ཆུ་ཚོད་བཅུ་གཅིག་པར།ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་རེབ་བརྒྱད་བཅུ་བའི་འོས་མིང་དུ་ཚུད་པའི་གློག་བརྙན་གྱི་མིང་བྱང་ཁྱབ་བསྒྲགས་བྱས་འདུགདེ་རུ་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་གཏམ་རྒྱུད་གློག་བརྙན་བརྒྱད་པ«གསའ»ཡང་གློག་བརྙན་དུས་ཆེན་དེར་ཚུད་འདུགའདི་ནི་ཁོང་གི་གློག་བརྙན་དུས་ཆེན་དེར་ཚུད་ཐེངས་བཞི་པར་ཆགས་ཡོད།སྔོན་མ་གསུམ་ནི«ཐར་ལོ»དང«ལག་དམར» «དབུགས་ལྒང»བཅས་ཡིན།གློག་བརྙན་འདི་ནི་གཞེས་ནིང་གི་དགུན་ཟླ་བཅུ་བར་མགོ་ལོག་རྨ་སྟོད་ནས་བརྙན་ཕབ་བྱས་ཤིང་།དེ་ནས་ཏག་ཏག་ལོ་གཅིག་ལྷག་ལ་མཇུག་གི་བཟོ་སྐྲུན་གྱི་ལས་ཀ་བསྐྱངས་ནས་གྲུབ་པ་ཞིག་རེད།...
2023-07-26 09:14:52 མཚོ་སྔོན་པོ་དྲ་བ། 14850 -
[བརྙན་གཟུགས་ཟློས་གར།]
ཁྲིམས་བརྗོད་གློག་བརྙན་ཐུང་གྲས«འཁོར་འགྲོས་དང་ཆག་སྒོ»ཞེས་པའི་ཕབ་སྐྲུན་མཛད་སྒོ་བསྡུས་པ།
“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འཆར་གཞི་ལས།“སྨྱན་བྱད་གསར་པར་ཤུགས་སྣོན་དང་ལག་རྩལ་གསར་པ་ཉེར་སྤྱོད་བྱེད་པའི”བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་།ལས་ཀའི་བྱེད་ཐབས་གསར་གཏོད་བྱེད་པ།བརྙན་ཐུང་སོགས་ཀྱི་བྱེད་ཐབས་སྤྱུད་དེ་ཁྲིམས་ལུགས་རྒྱུན་ཤེས་ཁྱབ་གདལ་གཏོང་བར་ཤུགས་སྣོན་བྱ་ཆེད་མཚོ་ལྷོ་ཁུལ་ཁྲིམས་འཛིན་ཅུའུ་ཡི་ཁྲིམས་བརྗོད་གློག་བརྙན་ཐུང་གྲས་ལས་ཁག་གཉིས་པ«འཁོར་འགྲོས་དང་ཆག་སྒོ»ཞེས་པའི་ཕབ་སྐྲུན་མཛད་སྒོ་དེ་ཁྲིམས་འཛིན་ཅུའུ་གཞུང་ལས་ཐོག་ཁང་གི་མདུན་དུ་བསྡུས།མཛད་སྒོའི་སྟེང་ལས་ཁུངས་དེ་གའི་ལས་བྱེད་མི་སྣ་དང་འཁྲབ་སྟོན་མི་སྣ་ཉི་ཤུ་ལྷག་མཉམ་ཞུགས་བྱས།...
2023-06-26 16:45:45 དྲ་བའི་རྩོམ་སྒྲིག་པ། 13980 -
«ཉི་འོད་ཀྱི་གྲོང་ཁྱེར»ཞེས་པའི་བརྙན་འཕྲིན་ཟློས་གར་ནང་དུ་མི་སྣ་བསོད་ནམས་ཀྱིས་ཚབ་མཚོན་དུ་བྱས་པའི་ན་གཞོན་དྲུག་གིས་བོད་ལྗོངས་ཀྱི་ས་གཞི་ཆེན་མོའི་ཐོག་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་ཆེད་ཕུགས་འདུན་དོན་གཉེར་བྱེད་པའི་གཏམ་རྒྱུད་བརྗོད་ཡོད།ཁོང་ཚོའི་ཁྲོད་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཡོད་ལ་ཐག་རིང་ནས་ཡོང་བའི་ཕུགས་འདུན་དོན་གཉེར་བྱེད་མཁན་ཡང་ཡོད།ཉིན་རེ་བཞིན་རྣམ་པ་གསར་པ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་གྲོང་ཁྱེར་ལྷ་སར་ཁོང་ཚོའི་འགྲན་སློང་དང་རེ་བས་ཁེངས་པའི་འཚོ་བ་ལས་དེང་རབས་བོད་ལྗོངས་ཀྱི་གཞོན་ནུ་འབད་འཐབ་པའི་ཉམས་འགྱུར་དང་ཕུགས་བསམ་གྱི་སྤྲོ་སེམས་རེ་རེ་བཞིན་མངོན་ཡོད།...
2023-06-21 10:13:35 མཚོ་སྔོན་པོ་དྲ་བ། 13846 -
འཛམ་གླིང་སྙན་ངག་རིང་མོའི་ཏོག་ཏུ་བགྲངས་པའི«རཱ་མ་ཎའི་རྟོགས་བརྗོད»ཉེ་ལམ་རྒྱ་གར་ནས་གློག་བརྙན་དུ་ཕབ་བསྐྲུན་གཟིགས་འབུལ་ཞུས་པའི་གནས་ཚུལ་ཐོན་ཡོད་པ་རེད།གློག་བརྙན་འདི་དེ་སྔ་རྒྱ་གར་ནས«མ་ཧ་བྷ་ར་ཏ»གློག་བརྙན་སྟོད་སྨད་གཉིས་སུ་ཕབ་བསྐྲུན་ལེགས་འགྲུབ་བྱུང་རྗེས་སུ་ཡང་བསྐྱར་རྒྱ་གར་གྱི་ལོ་རྒྱུས་སྙན་ངག་རིང་མོ་ཞིག་གློག་བརྙན་དུ་ཕབ་པའི་མཛད་བཟང་ཞིག་ཡིན་པ་མ་ཟད།རང་ཅག་ཁ་བ་ཅན་ལ་མཚོན་ནའང་ཆ་རྒྱུས་ཡག་པོ་ཡོད་པའི་ལོ་རྒྱུས་སྙན་ངག་ཅིག་གློག་བརྙན་དུ་ཕབ་པའི་མིག་གི་དགའ་སྟོན་གསར་པ་གསར་རྐྱང་ཞིག་ཡིན་ནོ།།...
2023-06-12 15:00:19 མཚོ་སྔོན་པོ་དྲ་བ། 14826 -
རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི2022ལོའི་གར་སྟེགས་སྒྱུ་རྩལ་གསར་རྩོམ་གྱི་རོགས་སྐྱོར་རྣམ་གྲངས་ཏེ་ཨ་མདོའི་ཟློས་གར་ཆེན་མོ«གྱིམ་ཤིང་ཀོང་ཇོ»ཟླ5པའི་ཚེས24ཉིན་ཟི་ལིང་དུ་ཐོག་མའི་འཁྲབ་སྟོན་བྱས།ཟློས་གར་འདིའི་ནང་གྱིམ་ཤིང་ཀོང་ཇོ་བོད་ལ་བག་མར་ཕེབས་ཚུལ་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་ཏེ།གྱིམ་ཤིང་ཀོང་ཇོ་བོད་ལ་མ་ཕེབས་གོང་སྤྱི་ཡོངས་བསམས་ཤིང་དཀའ་བ་ཁྱད་དུ་བསད།འགལ་བ་སྣ་ཚོགས་ཡོངས་སུ་བསལ་ཏེ་བོད་ཐང་མཛའ་བརྩེ་ཇེ་ཟབ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བས།མི་དམངས་མང་ཚོགས་ཀྱི་དགའ་གུས་ཐོབ་པའི་གཏམ་རྒྱུད་བརྗོད་ཡོད་པ་རེད།...
2023-05-26 08:37:57 མཚོ་སྔོན་པོ་དྲ་བ། 14589 -
གློག་བརྙན་འདི་ནི་ཆུང་དུས་ནས་ངག་མི་འཁྲོལ་བའི་བྱིས་པ་ཞིག་དང་གཡག་རྒན་ཞིག་གི་བར་དུ་བྱུང་བའི་གཏམ་རྒྱུད་གཞིར་བཟུང་ནས་བྱིས་པ་ལྐུགས་པ་དེའི་ནང་སེམས་ཀྱི་འཇིག་རྟེན་དང་མི་དང་དུད་འགྲོའི་བར་ཀྱི་བརྩེ་བ།འབྲོག་ཁྱིམ་ཕལ་བ་ཞིག་གི་འཚོ་བའི་གནས་སྟངས་དང་དུས་ཀྱི་འགྱུར་ལྡོག་གི་ཁ་མཚམས་སུ་གནས་པའི་བྱ་དངོས་གསར་རྙིང་གི་འགལ་འདུ་སོགས་བརྗོད་པའི་གཏམ་རྒྱུད་ཞིག་ཡིན།དངུལ་བུམ་རྟགས་མའི་བྱ་དགའ་ཐོབ་པ།...
2023-03-24 09:14:01 མཚོ་སྔོན་པོ་དྲ་བ། 17317 -
ཟླ་གསུམ་པར་མཐོ་སྒང་གི་གང་སར་དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཞད་ཡོད།ཉེ་སྔོན།ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཆེ་གྲས«རྒྱ་བཟའ་ཀོང་ཇོ»ཞེས་པ་ལྷ་སའི་རྒྱ་བཟའ་ཀོང་ཇོའི་ཟློས་གར་ཁང་དུ2023ལོའི་འཁྲབ་སྟོན་ཐོག་མ་བྱས་ཏེ།རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པར་ཁ་གཏད་ནས་འཁྲབ་སྟོན་དུས་ཚིགས11པའི་འགྲུལ་བཞུད་ཀྱི་ལམ་དུ་སྐྱོད་པ་དང་།སྣ་མང་ཕུན་སུམ་ཚོགས་པའི་མཐོ་སྒང་སྒྱུ་རྩལ་གྱི་གསོལ་སྟོན་གཟབ་རྒྱས་ཞིག་མིག་མདུན་དུ་མངོན་ཡོད།གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན།ད་ལོར«རྒྱ་བཟའ་ཀོང་ཇོ»ཟློས་གར་གྱི་མཁྲེགས་ཆས་དང་ལེ་ལག་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ནས་ཡང་བསྐྱར་གར་སྟེགས་མཛེས་རྩལ་དང་འཁྲབ་སྟོན་གྱི་ཕྲ་རིམ།སྒྱུ་རྩལ་ཕྲེང་འབྲེལ།སྨྱན་བྱད་གསར་པའི་ལག་རྩལ་བཀོལ་སྤྱོད་སོགས་ཀྱི་ཐད་མཐོར་འདེགས་སུ་བཏང་ཡོད།...
2023-03-22 09:13:54 མཚོ་སྔོན་པོ་དྲ་བ། 17383