ངོས་དང་པོ > སྒྱུ་རྩལ། > བརྙན་གཟུགས་ཟློས་གར། > དངོས་ཟིན་གློག་བརྙན«ཕོ་བྲང་པོ་ཏ་ལ»ཞེས་པ་སྟོན་མགོ་ཚུགས་པ།
དངོས་ཟིན་གློག་བརྙན«ཕོ་བྲང་པོ་ཏ་ལ»ཞེས་པ་སྟོན་མགོ་ཚུགས་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2026-06-26 08:40:19
ཀློག་གྲངས།:
ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་རིམ་པའི་རིག་གནས་ཤུལ་བཞག་ཅིག་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་ཉར་ཚགས་འཐུས་སྒོ་ཚང་ཤོས་ཀྱི་ཕོ་བྲང་རྣམ་པའི་བཟོ་བཀོད་ཀྱི་ཚོགས་ཤིག ཀྲུང་གོའི་ལོ་རྒྱུས་ཐོག་ཀྲུང་ཡོན་རྒྱལ་རབས་ཀྱི་མཐའ་མཚམས་བཅོས་སྐྱོང་གི་ལོ་རྒྱུས་ཀྱི་མ་དཔེ་ཞིག་བཅས་ཡིན་པ་མ་ཟད། དེ་བས་ཀྲུང་ཧྭའི་མི་རིགས་ཁག་དབར་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཀྱང་ཡིན། ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ཆབ་སྲིད་དང་། ཆོས་ལུགས། རིག་གནས། སྒྱུ་རྩལ་སོགས་ཀྱི་གཞི་རྒྱུ་མཉམ་དུ་འདྲེས་ནས་ངོ་མཚར་ཆེ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་ཕབ་སྐྲུན་བྱས་པའི་ལོ་རྒྱུས་རིག་གནས་ཀྱི་དངོས་ཟིན་གློག་བརྙན་ཆེ་གྲས«ཕོ་བྲང་པོ་ཏ་ལ»ཞེས་པ་ཟླ6པའི་ཚེས23ཉིན་ནས་ཚེས29ཉིན་བར་གྱི་ཉིན་རེའི་ཆུ་ཚོད18དང་སྐར་མ10ཡི་ཐོག་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་རྒྱལ་སྤྱིའི་འཕྲིན་ལམ(CCTV4)ཐོག་ཐེངས་དང་པོ་སྟོན་རྒྱུ་དང་། ཟླ6པའི་ཚེས29ཉིན་ནས་ཟླ7པའི་ཚེས5ཉིན་བར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དངོས་ཟིན་འཕྲིན་ལམ(CCTV9)ཐོག་ཆུ་ཚོད22དང་སྐར་མ05ཐོག་སྟོན་རྒྱུ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ཐོག་དུས་ཚོད་བདམས་ནས་བསྐྱར་སྟོན་བྱ་རྒྱུ་ཡིན་པ་དང་དབྱང་བརྙན་ཐུང་ཐོག་དྲ་སྦྲེལ་ཡོངས་ཀྱི་ཐོག་མ་དེ་སྟོན་རྒྱུ། CGTNདབྱིན་ཡིག་ལེ་ཚན་འཕྲིན་ལམ་ཐོག་ཟླ7པའི་ཚེས3ཉིན་ནས་ཟླ7ཚེས9ཉིན་བར་གྱི་ཆུ་ཚོད་དང་པོའི་ཐོག་དབྱིན་ཡིག་གི་པར་མ་སྟོན་རྒྱུ་རེད།
དངོས་ཟིན་གློག་བརྙན«ཕོ་བྲང་པོ་ཏ་ལ»ཞེས་པར་ཁྱོན་ལེའུ་བདུན་ཡོད་ཅིང་། འཛམ་གླིང་གི་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལ་བརྗོད་གཞི་གཙོ་བོར་བྱས་ཏེ། ལོ་ངོ་སྟོང་གི་གངས་ལྗོངས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་བརྒྱུད། ཕྱོགས་ཡོངས་ནས་བོད་ལྗོངས་དང་མེས་རྒྱལ་གྱི་ལས་དབང་མཉམ་གནས་ཀྱི་ལོ་རྒྱུས་ཀྱི་རྣམ་པ་མངོན་པར་བྱས་ཡོད། ཁྱོན་ཡོངས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་སུ་ཆོས་ལུགས་རང་མོས་ལ་བརྩི་འཇོག་དང་། མི་རིགས་རིག་གནས་སྲུང་སྐྱོང་གི་སྲིད་ཇུས་དོན་འཁྱོལ། བོད་ལྗོངས་མི་དམངས་ཀྱིས་གོང་འཕེལ་ལེགས་འགྲོ་བཞིན་པའི་ཁེ་དབང་དངོས་སུ་མྱོང་ཐུབ་པ་བཅས་མཚོན་པར་བྱས་པ་དང་། དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་རྣམ་པ་གསར་རྐྱང་མངོན་པར་བྱས་ཡོད།

ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་ནི་རྒྱ་བོད་དང་དེ་བཞིན་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་ཅན་གྱི་རིག་གནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཤིག་ཡིན་པ་དང་། བོད་ལྗོངས་ས་གནས་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་བའི་ལོ་རྒྱུས་ཤིག་ཀྱང་ཡིན་ལ། དེ་བས་ཀྱང་བོད་ལྗོངས་ས་གནས་དང་མེས་རྒྱལ་གྱི་ལས་དབང་དང་འབྲེལ་ཞིང་འཆི་གསོན་མཉམ་གནས་ཀྱི་ལོ་རྒྱུས་ཤིག་ཡིན། གློག་བརྙན་དེས་རྒྱ་བཟའ་ཀོང་ཇོ་བོད་དུ་གདན་དྲངས་བ་དེ་ལོ་རྒྱུས་ཀྱི་མགོ་འཛུགས་སར་བྱས་པ་ནས་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་། དེ་བཞིན་དུས་རབས་གསར་པའི་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བའི་བར་བརྗོད་ཡོད། ལོ་ངོ་སྟོང་གི་དོན་བརྗོད་ཆེན་པོ་འདིས་ལོ་རྒྱུས་ཀྱི་གཙོ་ཐིག་གསལ་པོར་བཀོད་ཡོད་པ་སྟེ། བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་གསལ་པོ་མངོན་ཡོད།
«ཕོ་བྲང་པོ་ཏ་ལ»ཞེས་པ་པར་ལེན་བྱས་ནས་ལོ་གཉིས་ལྷག་ཙམ་ཕྱིན་པ་དང་སྤྱི་ཁྱབ་འཁྲབ་ཁྲིད་པ་ཁྲེན་དབྱིང་ཆི་ཡིས་པར་ལེན་ཚོགས་ཆུང་ལ་སྣེ་ཁྲིད་དེ་བོད་ལྗོངས་དང་། མཚོ་སྔོན། པེ་ཅིང་། ཧོ་པེ། ཡུན་ནན་སོགས་སུ་ཕྱིན་ཏེ་སྔ་རྗེས་སུ་ལོ་རྒྱུས་དང་རིག་གནས། ཆོས་ལུགས་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཆེད་མཁས་པ་བརྒྱ་ལྷག་ཙམ་ལ་བཅར་འདྲི་བྱས་པ་དང་། དངོས་མང་བཤམས་སྟོན་ཁང་དང་ཡིག་ཚགས་ཁང10ལྷག་ཙམ་དུ་ཕྱིན་ཏེ་ཡིག་འབྲུ་ཁྲི20ལས་བརྒལ་བའི་ཡིག་ཚགས་ལེགས་སྒྲིག་དང་རྩོམ་སྒྲིག་ལེགས་འགྲུབ་བྱས་ཡོད། སྒྱུ་རྩལ་གྱི་ལག་རྩལ་དང་ཐབས་ལམ་སྤྱད་དེ་ཕོ་བྲང་པོ་ཏ་ལ་དེ་དུས་དང་བར་སྟོང་གི་གཞི་རྟེན་དུ་བྱས་ནས་བོད་ལྗོངས་ཀྱི་ཆབ་སྲིད་དང་། ཆོས་ལུགས། རིག་གནས། སྒྱུ་རྩལ་སོགས་ཁྱབ་ཁོངས་ཀྱི་ལོ་རྒྱུས་འཕེལ་རིམ་བརྒྱུད། གསོན་ཉམས་དོད་པོའི་སྒོ་ནས་དུས་རབས་གསར་པའི་བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་དང་། མང་ཚོགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་སོགས་དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཞད་པ་ལྟ་བུའི་འོད་སྟོང་འབར་བའི་རྣམ་པ་ཞིག་མངོན་ཡོད།

དངོས་ཟིན་གློག་བརྙན«ཕོ་བྲང་པོ་ཏ་ལ»ཡིས་མི་རྣམས་ལ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད། ཁ་ཕྱོགས་གསལ་སྟོན་དང་སེམས་ནུས་གཅིག་སྒྲིལ་གྱི་བློ་སྒོ་ཕྱེ་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号