«སུམ་པའི་རྒྱལ་ཕྲན་འཚོལ་བ»ཞེས་པའི་གློག་བརྙན་འདིར་བྱ་དགའ་ཐོབ་འདུག

རྩོམ་པ་པོ།: ཡོང་ཁུངས།:ཇོ་རིའི་སྤྲིན་སྟེགས། དུས་ཚོད།:2026-06-22 08:40:47 ཀློག་གྲངས།:
       སྤྱི་ཟླ༦པའི་ཚེས༡༨ཉིན། ཀྲུང་གུང་དྲིལ་བསྒྲགས་པུའུ་ཡི་གློག་བརྙན་འཁྲབ་དེབ་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཛུབ་སྟོན་དང་། བོད་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་འཕེལ་རྒྱས་མ་དངུལ་གྱིས་རོགས་སྐྱོར། དེ་བཞིན་ཀྲེ་ཅང་ཞིང་ཆེན་བོད་སྐྱོར་བཀོད་འདོམས་པུའུ་དང་། ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་པར་བླངས་པའི་གློག་བརྙན«སུམ་པའི་རྒྱལ་ཕྲན་འཚོལ་བ»ཞེས་པ་དེ་སྐབས༢༨པའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་རྒྱུད་གཅིག་ལམ་གཅིག་གློག་བརྙན་གཟའ་འཁོར་ཐོག་འཛམ་གླིང་ཁྱོན་ལ་སྟོན་ཐེངས་དང་པོ་ལེགས་གྲུབ་བྱུང་བ་དང་། སྟོན་ཐེངས་དང་པོ་སྟོན་ས་ནི་ཧྲང་ཧེ་ལན་ཤིན་ཟློས་གར་ཁང་ཆེན་ནང་བཀོད་སྒྲིག་བྱས་ནས། འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་དང་། གློག་བརྙན་པར་གཞི་སྒྲིག་བཟོ་མཁན་བསོད་ནམས་རྒྱལ། འཁྲབ་མཁན་གཙོ་བོ་བསྟན་འཛིན་བརྩོན་འགྲུས། འབྲུག་དབྱངས་ལྷ་མོ། བསོད་ནམས་དབང་མོ་སོགས་ས་ཡུལ་དངོས་ལ་ཡོང་ནས་གཟིགས་མོ་བ་རྣམས་དང་བགྲོ་གླེང་བྱས་པ་རེད།
«སུམ་པའི་རྒྱལ་ཕྲན་འཚོལ་བ»ཞེས་པའི་གློག་བརྙན་གྱི་བརྡ་ཁྱབ་པར་རིས།
«སུམ་པའི་རྒྱལ་ཕྲན་འཚོལ་བ»ཞེས་པའི་གློག་བརྙན་གྱི་གཙོ་སྐྲུན་མི་སྣ།
       དེའི་རྫེས་ཀྱི་རྒྱུད་གཅིག་ལམ་གཅིག་གློག་བརྙན་གཟའ་འཁོར་གྱི་གཟེངས་བསྟོད་འཚོགས་འདུའི་ཐོག«སུམ་པའི་རྒྱལ་ཕྲན་འཚོལ་བ»ཞེས་པའི་གློག་བརྙན་ལ་གཟིགས་མོ་བ་དགའ་ཤོས་གློག་བརྙན་ཞེས་པའི་གཟེངས་བསྟོད་ཐོབ་པ་དང་། གློག་བརྙན་གཟའ་འཁོར་གྱི་གཟིགས་མོ་བས་འདེམ་ཐོན་བྱས་པའི་གཟེངས་བསྟོད་ངོས་ནས་བརྗོད་ན། བྱ་དགའ་དེས་གློག་བརྙན་འགྲེམ་སྤེལ་བྱེད་རིང་གཟིགས་མོ་བའི་བརྩེ་དུང་གི་འགྱུར་བ་དང་། བསམ་ཚུལ་གཅིག་མཐུན་བྱུང་ཡོད་པ་མཚོན་ཡོད།
«སུམ་པའི་རྒྱལ་ཕྲན་འཚོལ་བ»ཞེས་པའི་གློག་བརྙན་ལ་གཟིགས་མོ་བ་དགའ་ཤོས་གློག་བརྙན་ཞེས་པའི་གཟེངས་བསྟོད་ཐོབ་པ།
       གློག་བརྙན་བསྟན་རྗེས་ཀྱི་བགྲོ་གླེང་རིང་། འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱིས་གློག་བརྙན་འདི་བརྩམས་སྒྲུང་ནས་གློག་བརྙན་དུ་བཅོས་སྒྲིག་བྱས་པའི་གསར་རྩོམ་གྱི་བརྒྱུད་རིམ་མཉམ་སྤྱོད་བྱས་པ་དང་། ཁོང་གིས་གློག་བརྙན་གྱིས་མ་རྩོམ་གྱི་བསམ་བློའི་སྙིང་པོ་རང་སོར་བཞག་པའི་རྨང་གཞི་ཐོག་མི་སྣའི་འབྲེལ་བ་དང་དོན་བརྗོད་ཀྱི་གྲུབ་ཆ་བསྐྱར་དུ་བཟོས་ཏེ། གཙོ་བསྐྲུན་ཚོགས་པས་ས་ཞིང་དང་། མི་སྣ། འཚོ་བའི་ཉམས་མྱོང་བཅས་ལ་གོ་བ་ལེན་སྟངས་དང་འདྲེས་ཡོད། ལྷ་དཔལ་རྒྱལ་གྱིས་གློག་བརྙན་དུས་ཆེན་གྱི་སྤྱི་སྟེགས་དང་། ས་ཡུལ་དངོས་ཀྱི་གཟིགས་མོ་བ། དེ་བཞིན་གཙོ་སྐྲུན་དང་ལས་དོན་མི་སྣ་ཡོངས་ཀྱིས་གློག་བརྙན་འདིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་རེད།
འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།