ཇ་ན་གྷ་ན། རྒྱ་གར་གློག་བརྙན།

རྩོམ་པ་པོ།: ཡོང་ཁུངས།:མི་རྒོད་རྩོམ་རིག དུས་ཚོད།:2022-12-16 17:12:34 ཀློག་གྲངས།:
«জন গণ মন»(2022ལོར)
       དམངས་ཚོགས་ཀྱིས་དུས་ནམ་ཡང་བདེན་དོན་ལ་རེ་བ་བྱེད་མྱོང་མེད་དེ། རང་གི་འདོད་བློ་དང་མི་མཐུན་པ་ཞིག་ཡིན་དུས་ཁ་ཡ་བྱེད་མི་དཔེ། གལ་སྲིད་ཁུངས་མེད་གཏམ་འཆལ་ཡིན་ཡང་རང་གི་ཁེ་ཕན་ལ་འབྲེལ་ཡོད་ན་ཁོ་ཚོས་དེ་ལ་གུས་པར་བྱ། གང་ལྟར་ཁོ་ཚོའི་སྟོང་བསམ་ལ་འཁྲུལ་སྣང་སྩོལ་ཐུབ་མཁན་ཞིག་ཡིན་ཕྱིན་ཁོ་ཚོའི་མངའ་བདག་ཏུ་འགྱུར་སླ་ཞིང་། ཁོ་ཚོའི་འཁྲུལ་བའི་སྣང་བ་དེ་བཤིག་མཁན་ཞིག་ཡིན་ཕྱིན་མཐའ་མར་ཁོ་ཚོའི་བླུད་རྫས་སུ་གྱོང་ངེས་སོ།།
གློག་བརྙན་ངོ་སྤྲོད།
       གློག་བརྙན་འདིའི་ནང་དུ་ཆབ་སྲིད་ཀྱི་ལག་ཆ་རུ་གྱུར་པའི་སྨྱན་སྦྱོར་ཚན་པ་དང་ཉེན་རྟོག་པ་སོགས་ཀྱིས་དམངས་ཚོགས་ཀྱི་བློ་ཁ་དང་བསྟུན། ཡ་མཚར་པའི་མི་ཚེའི་ཟློས་གར་ཞིག་འཁྲབ་པའི་མཇུག་འབྲས་ལྟར་ལྟ་མཁན་དག་ལ་ཁྲིམས་ལུགས་ཁྲིམས་ལུགས་མིན་པ་དང་། ཉེས་ཅན་ཉེས་ཅན་མིན་པ། ལག་དམར་ལག་དམར་མིན་པ་ལྟ་བུའི་སེམས་འཁྲུལ་ཞིག་འབྱུང་དུ་འཇུག་ཅིང་། གློག་བརྙན་ནང་གི་བྱུང་རིམ་གྱི་འགྱུར་བ་ལྟར་ལྟ་མཁན་རང་ཉིད་ཀྱང་དུམ་བུ་འགའ་རུ་གཏུབ་འགྱུར་བ་ཞིག་གོ།།
དྲི་བ་གཏོང་མཁན་གྱི་ངག་ལྐུགས་པར་བཟོ་མཁན་ཆབ་སྲིད།
གླེང་བརྗོད་སྤེལ་མཁན་ལ་ལག་ལྕགས་བསྒྲོག་མཁན་ཆབ་སྲིད།
རྒྱལ་ཁབ་ནི་སྐྱེ་བོ་སུ་གང་ཞིག་གི་སྒེར་ལ་དབང་བའི་རྒྱུ་ནོར་མིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།