བརྙན་ཐུང«མི་ཞིག་འཚོལ་བ»ཞེས་པར་བརྙན་ཐུང་རྩེ་གྲའི་བྱ་དགའ་ཐོབ།

རྩོམ་པ་པོ།: ཡོང་ཁུངས།:པདྨ་ཚེ་བརྟན་གྱི་རྩོམ་རིག་དང་གློག་བརྙན་འཕྲིན་སྟེགས། དུས་ཚོད།:2022-09-02 08:44:15 ཀློག་གྲངས།:
        སྤྱི་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་རེབ་དྲུག་པའི་ཅཱ་ཅཱ་གྲོང86358བརྙན་ཐུང་དུས་ཆེན་གྱི་ད་ལོའི་བྱ་དགའ་ཐོབ་པའི་བརྙན་ཐུང་གི་མིང་ཐོ་དྲ་ལམ་ནས་ཁྱབ་བསྒྲགས་བྱས། དེ་ལས་པདྨ་ཚེ་བརྟན་ལགས་ནས་ལྟ་སྐུལ་དང་། རབ་བརྟན་ཡག་གིས་འཁྲབ་གཞུང་དང་འཁྲབ་ཁྲིད་བྱས་པའི་བརྙན་ཐུང«མི་ཞིག་འཚོལ་བ»ཞེས་པར་ད་ལོའི་འགྲན་ཞུགས་ཀྱི་བརྙན་ཐུང་བརྩམས་ཆོས1052ཡི་ཁྲོད་ནས་བརྙན་ཐུང་རྩེ་གྲའི་བྱ་དགའ་ཐོབ་འདུག བརྙན་ཐུང་འདི་ནི་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་སྒྲུང་ཐུང«མི་ཞིག་འཚོལ་བ»ཞེས་པར་གཞི་བཅོལ་ནས་བཟོས་པ་ཡིན་ལ། འཁྲབ་སྟོན་པ་ཀུན་བདེ་དང་སྦྱིན་པ། ངག་དབང་ལྷ་མོ་སོགས་ཀྱིས་འཁྲབ་སྟོན་པའི་འགན་འཁུར་ཡོད་པ་ཞིག་རེད།
        སྤྱིར་ན། 86358བརྙན་ཐུང་དུས་ཆེན་ནི་ལོ་རེའི་ཟླ་བརྒྱད་པའི་ནང་ཧྲན་ཞི་ཧྥུན་ཡང་གྲོང་ཁྱེར་ནས་ཉིན་ལྔའི་རིང་བརྙན་ཐུང་གཟིགས་འབུལ་དང་། ལྟ་མཁན་པ་དང་བསམ་ཚུལ་བརྗེ་རེས། རྟིང་རྩོད་མཚན་ཚོགས་གཟབ་རྒྱས་ཀྱིས་སྤེལ་བ་ཞིག་ཡིན་མོད། ད་ལོའི་ཏོག་གསར་ནད་ཡམས་ཀྱི་གློ་བུར་བའི་འགྱུར་ལྡོག་གིས་དྲ་ལམ་ནས་འཚོགས་རྒྱུ་གཏན་འཁེལ་བྱས་པ་ཡིན་འདུག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།