འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱི་གློག་བརྙན་གསར་བ།

རྩོམ་པ་པོ།: ཡོང་ཁུངས།:ཁ་བ་ཅན་གློག་བརྙན། དུས་ཚོད།:2022-08-01 08:57:45 ཀློག་གྲངས།:
        མང་རྫོང་གི་གཞོན་སྐྱེས་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱི་གློག་བརྙན་བརྩམས་ཆོས«སྨོན་ལམ་གཙང་པོའི་ཕ་རོལ»FIRSTན་གཞོན་གློག་བརྙན་དུས་ཆེན་སྟེང་གློག་བརྙན་ཁྲོམ་རའི་ཐོན་ལས་གཟིགས་འབུལ་བྱས་པའི་གནས་ཚུལ་ཐོན་འདུག
སྨོན་ལམ་གཙང་པོའི་ཕ་རོལ། འཁྲབ་ཁྲིད་པ། བདུད་རྩི་སྐྱིད།
        བརྩམས་ཆོས་འདི་སྔ་གཞུག་ཏུ་ལོ་ངོ་གསུམ་གྱི་རིང་བརྙན་ཕབ་བྱས་ཤིང་། བུད་མེད་འཁྲབ་ཁྲིད་པ་ཞིག་གིས་ཞིབ་ཚགས་དང་གཟབ་ནན་སྒོས་དྭངས་གཙང་གི་འཇིག་རྟེན་གཞན་ཞིག་ལ་སེམས་མྱུལ་གནང་པའི་གོ་རིམ་ཡིད་སེམས་སྒུལ་བ་ཞིག་བརྙན་མིག་གིས་མཚོན་པར་བྱས་ཡོད།
ནང་དོན་གནད་བསྡུས།
        ཁྱིམ་ཚང་གི་བདེ་སྡུག་ཁྲོད་ཕ་མའི་ཐུགས་བརྩེ་ལས་བྲལ་བའི་བྱིས་པ་ཆུང་ཆུང་གཉིས་ལ། བགྲེས་མོ་ཞིག་གིས་བཤད་པའི་གནའ་གཏམ་གྱིས་བློ་སྒོ་ཕྱེ་སྟེ་ལྷ་སྒྲུང་དང་དངོས་ཡོད་ཀྱི་ཁྲོད་ནས། སེམས་ཀྱི་སྨོན་འདུན་དང་ཁྱིམ་མིའི་བདེ་སྐྱིད་འཚོལ་བའི་ཀྱག་ཀྱོག་གི་གོ་རིམ་ཁྲོད་ཀྱི་ངོ་མཚར་བའི་གཏམ་རྒྱུད་ཅིག་ཡིན།
ཟིན་པར་ཟུར་བཀོད།
ལྟད་མོ་བར་གཟིགས་འབུལ་བྱ་བཞིན་པ།
འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱི་ཕབ་སྐྲུན་ཡུལ་དངོས་ཟིན་པར།
        བདུད་རྩི་སྐྱིད། ༡༩༩༤ལོར་མཚོ་སྔོན་མང་རྫོང་དུ་སྐྱེས། ༢༠༡༥ལོར་པེ་ཅིན་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གློག་བརྙན་འཁྲབ་ཁྲིད་སྡེ་ཁག་ནས་དངོས་གཞི་སློབ་མཐར་བྱིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།