ནམ་མཁའ་འདི་དེ་བས་ཀྱང་སྔོ་ན་ཅི་མ་རུང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-07-25 08:55:33
ཀློག་གྲངས།:

«ཏཱ་ནི་སྟོད་ཀྱི་ནམ་མཁའ»ཞེས་པའི་གློག་བརྙན་འདི་ནི་དམངས་ཁྲོད་གཏམ་རྒྱུད«ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ»འམ«ཏཱ་ནི་སྟོད»ཞེས་པ་གཞིར་བྱས་ཏེ་བཅོས་སྒྲིག་ཕབ་སྐྲུན་བྱས་པ་ཞིག་ཡིན་ལ། བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་བྱང་སྤྲིན་གྱིས་འཁྲབ་ཁྲིད་དང་། ཤོམ་པའམ་འཁྲབ་སྟོན་པ་བསམ་འགྲུབ་ཚེ་རིང་དང་གཞས་མའམ་འཁྲབ་སྟོན་པ་དབང་སྒྲོན་མཚོ་གཉིས་ཀྱིས་གཙོ་འཁྲབ་བྱས་པའི་ཟློས་གར་གློག་བརྙན་ཞིག་རེད།

གློག་བརྙན་འདིའི་གཙོ་འཁྲབ་པ་རྣམ་གཉིས།

འདི་ནི་ཆེད་དུ་བོད་འབྲེལ་ས་ཁུལ་གྱི་ཁྲོམ་རར་ཁ་ཕྱོགས་པའི་གློག་བརྙན་ཞིག་ཡིན་ལ། གློག་བརྙན་འདིའི་ནང་ན་གཞོན་ཕོ་མོ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་དང་ཀྱག་ཀྱོག་གི་ལས་དབང་བརྒྱུད་དེ། ང་ཚོས་སྲོལ་རྒྱུན་གྱི་གཉེན་སྲོལ་ལ་བཟུང་བའི་མཁྲེགས་འཛིན་གྱི་ལྟ་བ་དང་འཚོ་བའི་ཟ་ཟུར་གྱི་གུ་དོག་པའི་བསམ་བློ་ཚུར་སྣང་བྱས་ཡོད་ལ། དེ་དང་ཆབས་ཅིག་གློག་བརྙན་གྱི་ལས་བཟོ་བ་ཡོངས་ཀྱིས་རང་མི་རིགས་ཀྱི་སྲོལ་རྒྱུན་གྱི་བསམ་བློའི་ཞན་ཆར་ཁ་གསབ་དང་ལེགས་ཆ་དར་སྤེལ་བྱེད་པར་ལྷག་བསམ་གཙང་མ་ཞིག་བཅངས་ཡོད་པ་གློག་བརྙན་གྱི་ཤུགས་སུ་རྟོགས་ཐུབ་ཅིང་། དེ་ནི་ཏག་ཏག་གློག་བརྙན་བརྡ་ཁྱབ་འདྲ་པར་སྟེང་གི་སྐད་ཆ“ང་ཚོའི་ནམ་མཁའ་འདི་དེ་བས་ཀྱང་སྔོ་ན་ཅི་མ་རུང”ཞེས་པ་དེ་བཞིན་ནོ། །

དབུ་འབྱེད་མཛད་སྒོའི་པར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།