གློག་བརྙན«ར་ལོ»གཟིགས་མོ་པའི་སྤྱན་ལམ་དུ་བསྟར་རྒྱུ་རེད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-04-28 16:55:33
ཀློག་གྲངས།:
«ར་ལོའི»ཞེས་པའི་གློག་བརྙན་འདིས་ཀྱང་དུས་རབས་ཤིག་གི་སྣང་བརྙན་གང་རུང་ཞིག་སྨྱན་བྱད་གྱི་ལམ་ནས་ཁྱེད་ལ་གཟིགས་མོར་འབུལ་གྱིན་ཡོད། དེས་ན་ང་ཚོས་ར་ལོ་ཞེས་པ་འདིར་ཇི་ལྟར་གོ་བ་ལེན་དགོས་པ་དང་ར་ལོའི་བསྟན་དོན་གང་ནས་འཚོལ་དགོས་ཤེ་ན། ལོ་རབས་བདུན་ཅུ་པ་དང་ལོ་རབས་བརྒྱད་ཅུ་པའི་ནང་ང་ཚོའི་འཚོ་བའི་གནས་བབ་ཇི་ལྟ་བུ་ཞིག་ཡིན་པ་དང་། སྤྱི་ཚོགས་ཀྱི་སྒྲིག་གཞི་ཅི་འདྲ་ཞིག་ཡིན་པ། ཡང་ན་མི་ཚེའི་སྙིང་བོར་ཇི་ལྟར་ངོས་འཛིན་པ་སོགས་ར་ལོའི་གཏམ་རྒྱུད་འདིས་ཁྱེད་ལ་བསམ་གཞིག་གི་བར་སྟོང་གསར་པ་ཞིག་འབྱེད་ངེས་ཡིན། དེས་ན་ང་ཚོས་ཀྱང་ར་ལོའི་སྐྱིད་ལ་སྡུག་པའི་མི་ཚེའི་ཆག་གྲུམ་རེ་རེ་ནི་དུས་རབས་དེའི་བོད་མི་ཕལ་མོ་ཆེའི་རྣམ་ཤེས་ཀྱི་རང་གཟུགས་སུ་ཕབ་ནས་བརྙན་མིག་གིས་གང་ལ་གཟས་པའི་མི་སྣ་རེ་རེ་ནི་འཁྲབ་གཞུང་འདིས་ཁྱོད་ལ་བཞག་པའི་བག་ཆགས་དེ་ཅི་ལ་མིན།

ང་ཚོས་ར་ལོའི་སྐྱུག་རྫོབ་པའི་ཆ་བྱད་དང་། དམིགས་ཡུལ་དང་ཁ་ཕྱོགས་མེད་པའི་སྤྱོད་པ་ཡ་མ་ཟུང་གི་འགུལ་སྐྱོད་ཁོ་ནར་དོ་སྣང་བྱ་རྒྱུ་མ་ཡིན་པར། ར་ལོའི་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་དང་འབྲེལ་བའི་སྣང་བརྙན་རེ་རེ་དུས་རབས་ཤིག་གི་ལོ་རྒྱུས་ཀྱི་བྱུང་བ་རེ་རེ་དང་སྦྱར་ནས་ཚུར་སྣང་བྱ་དགོས་པ་ནི་ངེད་འཁྲབ་ཚན་མི་སྣ་ཡོངས་ཀྱི་རེ་བ་དང་ཡང་ན་འཁྲབ་གཞུང་རྩོམ་པ་པོའི་མཇུག་མཐའི་དམིགས་ཡུལ་ཀྱང་ཡིན་ནོ།།


གཙོ་འཁྲབ་པ། ཕག་མོ་དོན་གྲུབ།

འཁྲབ་ཁྲིད་པ། ཤེའུ་ལུང་ཚེ་གཟུངས་ཐར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།