ངོས་དང་པོ > སྒྱུ་རྩལ། > བརྙན་གཟུགས་ཟློས་གར། > ༄༅།།མཚོ་ལྷོའི་གསར་རྩོམ་ཟློས་གར་ཆེན་མོའི་མགོ་རྩོམ་མཛད་སྒོ།
༄༅།།མཚོ་ལྷོའི་གསར་རྩོམ་ཟློས་གར་ཆེན་མོའི་མགོ་རྩོམ་མཛད་སྒོ།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-03-10 16:34:17
ཀློག་གྲངས།:
ཟླ3པའི་ཚེས10ཉིན། མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་གཙོ་བོ་དང་སྐུ་མགྲོན་མང་པོ་མཚོ་ལྷོ་ཁུལ་འཁྲབ་སྟོན་ཚོམས་ཆེན་དུ་འདུས་ཤིང་། ཚང་མས་མཉམ་གཅིག་ཏུ་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་ཕུལ་བའི་ཟློས་གར་ཆེན་མོའམ་མི་རིགས་རོལ་དབྱངས་ཀྱི་གསར་རྩོམ་ཟློས་གར་ཐོག་མ་སྟེ་ལས་དབང་གི་མཇལ་འཛོམས་ཞེས་པའི་མགོ་རྩོམ་མཛད་སྒོ་སྤེལ་བ་རེད།
མཛད་སྒོ་དངོས་སུ་མགོ་བརྩམས་པ་དང་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་རིན་བྷེ་ཉིད་ནས་ཡིད་ཆེས་དང་སྤོབས་པས་ངང་ཐེངས་འདིའི་མཛད་སྒོར་མགོ་འཛིན་བྱས་པ་དང་། རིམ་བཞིན་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དཔའ་འབུམ་ཐར་གྱིས་དོན་སྙིང་ཟབ་པའི་གཏམ་བཤད་གནང་། ཡུལ་དངོས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་དང་ཚོགས་ཕེབས་སྐུ་མགྲོན་ལྷན་རྒྱས་རྣམ་པས་ཀྱང་ཐེངས་འདིའི་ཟློས་གར་འཁྲབ་གཞུང་མི་འགྱངས་པར་ལེགས་འགྲུབ་འབྱུང་བར་དགའ་བསུ་དང་གདེང་འཇོག་ཆེན་པོ་གནང་།
མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་རིན་བྷེ་ཡིས་མགོ་འཛིན་བྱེད་བཞིན་པ། དེས་ན། ཟློས་གར་ཆེན་མོ་འདི་འདྲ་ཞིག་གསར་རྩོམ་བྱེད་དགོས་པའི་ཀུན་སློང་དང་དམིགས་ཡུལ་དེ་ཅི་ཡིན་ཞེ་ན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་གཟི་བརྗིད་ཀྱི་ལོ་ཞིག་དང་ཡང་ན་མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་གྱི་དཔུང་བ་མཉམ་དུ་གཞིབ་ནས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་གཡུར་ཟའི་འབྲས་བུའམ་རྒྱལ་ཁ་ཆེན་པོ་བླངས་ཡོད་པས། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་རྣམ་པས་ཀྱང་ཆེད་དུ་ལས་དབང་གི་མཇལ་འཛོམས་ཞེས་པའི་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་ཟློས་གར་ཆེན་མོ་འདི་འདྲ་ཞིག་གསར་རྩོམ་བྱེད་པའི་བགྱི་བ་དང་དུ་བླངས་ནས་མཚོ་ལྷོའི་འཕོ་འགྱུར་ལ་སྔར་མེད་པའི་སྒུལ་ཤུགས་གསར་བ་ཞིག་བསྩལ་འདོད་པ་རེད།
མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དཔའ་འབུམ་ཐར་གྱིས་གཏམ་བཤད་གནང་བཞིན་པ། ནང་སྒོས་སུ་གྲུབ་འབྲས་འདི་དག་ནི་ཅང་སུའུ་ཡི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་གང་མང་ཞིག་གི་དཀའ་སྡུག་གི་འཐབ་རྩོད་དང་སྙིང་རུས། རྔུལ་ཆུ་དྲོན་མོ་དང་འབྲལ་ཐབས་མེད་པས། ཟློས་གར་ཆེན་མོའི་བརྗོད་སྙིང་གཙོ་བོའང་ཁོ་ཚོ་མཚོ་སྔོན་དུ་འོངས་ནས་མི་སེམས་འགུལ་བའི་གཏམ་རྒྱུད་དངོས་མ་རྣམས་གཟུགས་ཅན་དུ་བསྟར་ནས་དྲིན་གཟོ་ཡི་སེམས་པ་མཚོན་ཕྱིར་དང་། ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་ཕུལ་བའི་ལེགས་སྐྱེས་རྩ་ཆེན་པོ་ཞིག་སྟེ། ཕ་ཡུལ་མཚོ་ལྷོའི་སྲིད་འབྱོར་རིག་གསུམ་ཡར་ངོའི་ཟླ་རུ་འགྲན་བཞིན་པའི་རྣམ་པར་བསྔགས་བརྗོད་དང་དྲིལ་སྒྲོག བསྟོད་གླུ་འབུལ་འདོད་པ་དེའོ།།
ཐེངས་འདིའི་ཟློས་གར་ཆེན་མོའི་མགོ་རྩོམ་མཛད་སྒོའི་སྟེང་། པེ་ཅིན་ནས་གདན་འདྲེན་ཞུས་པའི་ཆེད་ལས་མི་སྣ་སྟེ། རོལ་མོའི་འཁྲབ་ཁྲིད་པ་ཀྲང་ཁུན། སྤྱིའི་འཁྲབ་ཁྲིད་པ་ཀྲང་ཞན་ཀྲི། སྒྱུ་རྩལ་བློ་འདྲི་མི་སྣ་ལིས་ཞིན་ཆིན་ཡང་དངོས་སུ་ཞུགས་ཡོད་ལ། ཁོ་ཚོ་མི་རེ་རེ་ནས་ཐེངས་འདིའི་ཟློས་གར་གསར་རྩོམ་གྱི་ནང་དོན་དང་བརྗོད་བྱ། འཆར་འགོད། འཁྲབ་སྟོན་པ་སོགས་ངོས་ཐད་ནས་མཚམས་སྦྱོར་རགས་བསྡུས་བྱས་པ་དང་། ཁུལ་དཔོན་གཞོན་པ་དཔལ་འབུམ་ཐར་གྱིས་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་ནས་ཆེད་དུ་བསལ་འདེམ་བྱས་པའི་འཁྲབ་སྟོན་པ་རྣམས་ཀྱིས་ཀྱང་ཐེངས་འདིའི་གོ་སྐབས་བཟང་པོ་དམ་འཛིན་སྒོས་རང་ཉིད་ཀྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། ཆེད་ལས་རང་བཞིན་གྱི་ཕྱོགས་སུ་སློབ་སྦྱོང་བྱས་ནས་ལས་དབང་གི་མཇལ་འཛོམས་ཞེས་པར་གཡུར་ཟའི་འབྲས་བུ་ཞིག་ལེན་པར་བླང་བྱ་དང་རེ་བ་ནན་མོ་བཏོན་ནས་མཛད་སྒོ་ཡང་རེ་ཞིག་གྲོལ་མགོ་བརྩམས།
ཐེངས་འདིར་པེ་ཅིན་ནས་གདན་འདྲེན་ཞུས་པའི་ཆེད་ལས་མི་སྣ།
བསལ་འདེམ་གྱི་གཙོ་འཁྲབ་མི་སྣ།
མགོ་རྩོམ་མཛད་སྒོའི་སྟེང་གི་མཉམ་པར།
མཛད་སྒོ་དངོས་སུ་མགོ་བརྩམས་པ་དང་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་རིན་བྷེ་ཉིད་ནས་ཡིད་ཆེས་དང་སྤོབས་པས་ངང་ཐེངས་འདིའི་མཛད་སྒོར་མགོ་འཛིན་བྱས་པ་དང་། རིམ་བཞིན་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དཔའ་འབུམ་ཐར་གྱིས་དོན་སྙིང་ཟབ་པའི་གཏམ་བཤད་གནང་། ཡུལ་དངོས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་དང་ཚོགས་ཕེབས་སྐུ་མགྲོན་ལྷན་རྒྱས་རྣམ་པས་ཀྱང་ཐེངས་འདིའི་ཟློས་གར་འཁྲབ་གཞུང་མི་འགྱངས་པར་ལེགས་འགྲུབ་འབྱུང་བར་དགའ་བསུ་དང་གདེང་འཇོག་ཆེན་པོ་གནང་།


ཐེངས་འདིའི་ཟློས་གར་ཆེན་མོའི་མགོ་རྩོམ་མཛད་སྒོའི་སྟེང་། པེ་ཅིན་ནས་གདན་འདྲེན་ཞུས་པའི་ཆེད་ལས་མི་སྣ་སྟེ། རོལ་མོའི་འཁྲབ་ཁྲིད་པ་ཀྲང་ཁུན། སྤྱིའི་འཁྲབ་ཁྲིད་པ་ཀྲང་ཞན་ཀྲི། སྒྱུ་རྩལ་བློ་འདྲི་མི་སྣ་ལིས་ཞིན་ཆིན་ཡང་དངོས་སུ་ཞུགས་ཡོད་ལ། ཁོ་ཚོ་མི་རེ་རེ་ནས་ཐེངས་འདིའི་ཟློས་གར་གསར་རྩོམ་གྱི་ནང་དོན་དང་བརྗོད་བྱ། འཆར་འགོད། འཁྲབ་སྟོན་པ་སོགས་ངོས་ཐད་ནས་མཚམས་སྦྱོར་རགས་བསྡུས་བྱས་པ་དང་། ཁུལ་དཔོན་གཞོན་པ་དཔལ་འབུམ་ཐར་གྱིས་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་ནས་ཆེད་དུ་བསལ་འདེམ་བྱས་པའི་འཁྲབ་སྟོན་པ་རྣམས་ཀྱིས་ཀྱང་ཐེངས་འདིའི་གོ་སྐབས་བཟང་པོ་དམ་འཛིན་སྒོས་རང་ཉིད་ཀྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། ཆེད་ལས་རང་བཞིན་གྱི་ཕྱོགས་སུ་སློབ་སྦྱོང་བྱས་ནས་ལས་དབང་གི་མཇལ་འཛོམས་ཞེས་པར་གཡུར་ཟའི་འབྲས་བུ་ཞིག་ལེན་པར་བླང་བྱ་དང་རེ་བ་ནན་མོ་བཏོན་ནས་མཛད་སྒོ་ཡང་རེ་ཞིག་གྲོལ་མགོ་བརྩམས།



འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།