ངོས་དང་པོ > སྒྱུ་རྩལ། > བརྙན་གཟུགས་ཟློས་གར། > ༄༅།།གློག་བརྙན《འབྲོག་པ་ཧྲིན་ཀྲང་སྐལ་བཟང》གི་བརྙན་ཕབ་བྱ་བ་ནུབ་མཚོ་གྲོང་རྡལ་དུ་བདེ་བླག་ངང་ཡོངས་སུ་འགྲུབ།
༄༅།།གློག་བརྙན《འབྲོག་པ་ཧྲིན་ཀྲང་སྐལ་བཟང》གི་བརྙན་ཕབ་བྱ་བ་ནུབ་མཚོ་གྲོང་རྡལ་དུ་བདེ་བླག་ངང་ཡོངས་སུ་འགྲུབ།
རྩོམ་པ་པོ།:དབང་ཆེན་དོན་འགྲུབ།
ཡོང་ཁུངས།:གངས་ལྗོངས་འཕྲིན་གསར།
དུས་ཚོད།:2020-09-14 09:22:40
ཀློག་གྲངས།:

ཟླ8པའི་ཚེས22ཉིན་ནས་གློག་བརྙན་དེ་དངོས་སུ་ཕབ་སྐྲུན་བྱེད་འགོ་བརྩམས་པ་ནས་བཟུང་། གློག་བརྙན་དེར་མཚོ་བྱང་ཁུལ་གྱི་རིམ་པ་ཁག་གི་ཏང་སྲིད་སྡེ་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་ལ། བརྙན་ཕབ་བྱེད་པའི་རིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ་བརྙན་ཕབ་བྱ་ཡུལ་དུ་འཚམས་འདྲིར་ཕེབས་པ་དང་། ཁུལ་ཨུའི་སྡེ་ཁག་སོ་སོ་དང་དེ་བཞིན་ཁུལ་མི་རིགས་གླུ་གར་ཚོགས་པ། སྤྱི་བདེ་དང་འགྲིམ་འགྲུལ་ཉེན་རྟོག དྲག་ཆས་ཉེན་རྟོག ཡན་ལག་དམག་ཁུལ། མེ་གསོད་རུ་ཁག གློག་ཤུགས། འཕྲོད་བསྟེན་སྨན་བཅོས། ནགས་ལས། དཔལ་འབྱོར། སློབ་གསོ། རིག་གནས་ཡུལ་སྐོར། ལག་རྩལ་སློབ་གྲྭ། མདའ་བཞི་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་གསེར་ཐང་ཞང་། མཚོ་སྔོན་པོ་ཞང་། དཔལ་སྦྱིན་ཞང་། ཝ་མགྱོགས་ཞང་། ནུབ་མཚོ་གྲོང་རྡལ། མཁར་ཟུར་གསུམ་གྲོང་རྡལ། ཐང་ཧུའུ་གློག་འདོན་ཁང་སོགས་ཀྱིས་རྒྱབ་སྐྱོར་དང་གཞོགས་འདེགས་ནུས་ལྡན་བྱས་ནས། མཐུན་སྦྱོར་དང་ཞབས་ཞུ། འགན་ལེན་བཅས་ཀྱི་ཐད་ཏན་ཏིག་ནུས་ལྡན་གྱི་བྱ་བ་གལ་ཆེན་བསྒྲུབས་པས་གློག་བརྙན་བརྙན་ཕབ་ཀྱི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་འགན་ལེན་བྱས།
ཉིང་པོ་གློག་བརྙན་སྒྱུ་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་བརྙན་སྐྲུན་ཚོགས་ཆུང་གི་ཁོངས་མི་ཡོངས་ཀྱིས་མཐོ་གྲང་དང་དབྱང་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ། ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ལས་སྣོན་བྱས་ནས་དཀའ་སྤྱད་འབད་འཐབ་སྒོས་བརྙན་ཕབ་ཀྱི་ཚན་པ་རེ་རེ་གསར་རྩོམ་བྱས་ཤིང་། དཀའ་སྤྱད་འབད་འཐབ་ཀྱི་རྔུལ་ཆུས་ཧྲིན་ཀྲང་རྒན་པ་སྐལ་བཟང་གི་འོད་སྟོང་འབར་བའི་བྱས་རྗེས་དེ་གློག་བརྙན་སྒྱུ་རྩལ་དུ་བསྒྱུར་བ་རེད།
གློག་བརྙན་འདིའི་དམིགས་ཡུལ་ནི་གློག་བརྙན་སྒྱུ་རྩལ་ལ་བརྟེན་ནས་ཧྲིན་ཀྲང་རྒན་པ་སྐལ་བཟང་གིས་བློ་གཅིག་སེམས་གཅིག་གིས་ཏང་ལ་ཞབས་འདེགས་ཞུ་བ་དང་བློ་གཅིག་སེམས་གཅིག་གིས་གཞུང་དོན་སྒྲུབ་པའི་གུང་ཁྲན་ཏང་མིའི་རང་གཤིས་དང་། སེམས་ལ་མང་ཚོགས་བཅངས་པ་དང་དཀའ་སྤྱད་བབ་ཆགས་ཀྱི་མི་སེར་གྱི་རྨང་གཞི་ཕྱོགས་ཡོངས་ནས་མངོན་པར་བྱས་པས་སྐལ་བཟང་གི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་ཟབ་མོ་ལྡན་པ་དང་། སྐལ་བཟང་གི་བྱས་རྗེས་སྔར་ལས་ལྷག་པའི་སྒོ་ནས་མི་སེམས་ལ་ཟུག་པ་དང་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཐོག་མའི་བསམ་འདུན་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་བསླབ་གཞི་གསར་བ་ཞིག་ལ་འགྱུར་དུ་འཇུག་རྒྱུ་དེ་རེད།
འཁྲབ་ཁྲིད་པ་ལིག་ཅན་ཧྭ་དང་ལག་བསྟར་སྒྲིག་བཟོ་བ་ཀྲུའུ་ཞིན། ཧྲིན་ཀྲང་སྐལ་བཟང་འཁྲབ་སྟོན་བྱེད་མཁན་ཧོང་ཕིན་ཡོན། ཧྲིན་ཀྲང་སྐལ་བཟང་གི་བཟའ་ཟླ་འཁྲབ་སྟོན་བྱེད་མཁན་ཧྲིན་ཏན་ཕིན། བརྙན་ཕབ་པ་ཀང་ཆང་སོགས་ཀྱིས་ཧྲིན་ཀྲང་རྒན་པ་སྐལ་བཟང་ལ་སྙིང་དབུས་ནས་གུས་འདུད་ཞུས་པ་དང་འབྲེལ་མཚོ་བྱང་ཁུལ་གྱི་ཏང་སྲིད་སྡེ་ཁག་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
གློག་བརྙན་གྱི་མཇུག་མཐའི་སྒྲིག་སྦྱོར་ལ་ཟླ་གཉིས་ལྷག་གི་དུས་ཚོད་དགོས།
འབྲེལ་ཡོད་འོས་སྦྱོར།
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།