༄༅།།བོད་རབ་རྒྱན་ལྕགས་ཕོ་བྱི་བ་ལོའི་ལོ་སར་དགོང་ཚོགས་སྐལ་བཟང་དཔྱིད་ཀྱི་སྨོན་འདུན་ཞེས་པ་བརྙན་ཕབ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2019-12-18 10:00:27 ཀློག་གྲངས།:
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི2020ལོའི་བོད་རབ་རྒྱན་ལྕགས་ཕོ་བྱི་བ་ལོའི་ལོ་སར་དགོང་ཚོགས་སྐལ་བཟང་དཔྱིད་ཀྱི་སྨོན་འདུན་ཞེས་པ་སྤྱི་ཟླ12པའི་ཚེས14དང15ཉིན་ཟི་ལིང་ནས་བརྙན་ཕབ་ལེགས་འགྲུབ་བྱུང་། ད་ལོའི་ལོ་སར་དགོང་ཚོགས་ཀྱིས་མཐུན་སྒྲིལ་རླབས་ཆེན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རླབས་ཆེའི་ཕུགས་འདུན་བཏོད་པ་བརྗོད་དོན་དུ་བྱས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་གྱི་རྣམ་པར་བརྟེན་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70འཁོར་བའི་ཚུན་དུ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་རིགས་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཕྱོགས་ཁག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསོན་ཉམས་དོད་པོས་མཚོན་པ་རེད།
ཨ་མདོ་བརྙན་འཕྲིན་ཁང་གིས་ལོ་རེ་བཞིན་བསྡུ་བཞིན་པའི་བོད་ཀྱི་ལོ་སར་དགོང་ཚོགས་ནི་རྒྱ་ཆེའི་བོད་རིགས་སྤུན་ཟླའི་ལོ་སར་རིང་རེ་སྒུག་བྱེད་པའི་དུས་ཆེན་དང་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་པས། བོད་རིགས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་དགའ་བསུ་བྱེད་ཀྱི་ཡོད། ད་ལོར་ཡང་དགོང་ཚོགས་སྟེང་མདོ་དབུས་ཁམས་གསུམ་གྱི་མདོ་འཛིན་པ་ལྔ་ཡིས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་མདོ་འཛིན་བྱས་ཡོད། ཐེངས་འདིར་སྐད་གྲགས་ཅན་གྱི་གླུ་མ་འཇམ་དབྱངས་སྒྲོལ་མ་དང་། གར་ཆུང་སྒྱུ་རྩལ་པ་སྨན་བླ་སྐྱབས།གླུ་བ་མིང་གྲགས་ཅན་གླུ་གར་རྒྱལ་དང་རིན་ཁོ། རྟ་བྷོ། དེ་མིན་གཞོན་སྐྱེས་གླུ་བ་ཤེར་བསྟན་དང་པདྨ་བསམ་འགྲུབ་སོགས་མཚོ་སྔོན་དང་། བོད་ལྗོངས།སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ནས་ཡོང་བའི་སྒྱུ་རྩལ་པ་དང་གླུ་བ་གླུ་མ་། འཁྲབ་སྟོན་པ་སོགས་མི230ལྷག་གིས་མཉམ་གཅིག་ཏུ་རིག་གནས་དང་སྒྱུ་རྩལ་གྱི་དགྱེས་སྟོན་ཆེན་པོ་ཞིག་ཀུན་གྱི་མིག་གི་དགའ་སྟོན་དང་རྣ་བའི་བདུད་རྩི་རུ་ཕུལ་ཡོད་པ་རེད།
ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ལྕགས་ཕོ་བྱི་བ་ལོའི་ལོ་སར་དགོང་ཚོགས་སྐལ་བཟང་དཔྱིད་ཀྱི་སྨོན་འདུན་ཞེས་པ་དེ་ད་ལོའི་ལོ་སར་གྱི་སྐབས་སུ་ཨ་མདོ་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ནས་དུས་མཉམ་དུ་གཏང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།