《ཚྭ་འདམ་གྱི་མཛའ་སེམས》ཞེས་པའི་ཕབ་སྐྲུན་འགོ་རྩོམ་མཛད་སྒོ་ཏུའུ་ལན་རྫོང་དུ་བསྡུས་པ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-27 10:07:00 ཀློག་གྲངས།:


མུ་འབྲེལ་བརྙན་འཕྲིན་ཟློས་གར《ཚྭ་འདམ་གྱི་མཛའ་སེམས》ཞེས་པའི་
ཕབ་སྐྲུན་འགོ་རྩོམ་མཛད་སྒོ་ཏུའུ་ལན་རྫོང་དུ་བསྡུས་པ། 

          ཉེ་ཆར། མཚོ་ནུབ་ཁུལ་ཨུ་དང༌། ཁུལ་མི་དམངས་སྲིད་གཞུང༌། པེ་ཅིན་ཧྲི་ཡེ་ཐེན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པའི་ལེའུ30ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར《ཚྭ་འདམ་གྱི་མཛའ་སེམས》ཞེས་པའི་ཕབ་སྐྲུན་འགོ་རྩོམ་མཛད་སྒོ་མཚོ་ནུབ་ཁུལ་གྱི་ཏུའུ་ལན་རྫོང་དུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅིས་ཏེ་མཱ་ཅ་དང༌། ཁུལ་ཨུའི་ཧྲུའུ་ཅི་ཞིན་གོ་པིན།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ནའོ་བེ་ཞིན། ཁུལ་ཨུའི་རྒྱུན་ཨུ་ལིས་ཀང་དང༌། ཉིག་ཅིན། བང་ཅིན་ཀྲེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲའོ་ཧྲོན་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྟ་མཆོག་རྒྱལ་དང་ཞིང་ཆེན་རིག་གནས་ཐིན་དང་གསར་འགྱུར་དཔེ་སྐྲུན་ཐིན། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་ཁུལ་ནོར་སྲིད་ཅུའུ། ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང༌། ཁུལ་གཏོགས་ས་གནས་བརྒྱད་ཀྱི་འགན་ཁུར་བློ་མཐུན་རྣམས《ཚྭ་འདམ་གྱི་མཛའ་སེམས》ཞེས་པའི་ཕབ་སྐྲུན་གསར་རྩོམ་མི་སྣ་དང་འཁྲབ་སྟོན་མི་སྣ་འགའ་དང་མཉམ་དུ་བརྙན་ཕབ་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་པ་རེད།


ཅིས་ཏེ་མཱ་ཅ་ཡིས་མུ་འབྲེལ་བརྙན་འཕྲིན་ཟློས་གར《ཚྭ་འདམ་གྱི་མཛའ་སེམས》
བརྙན་ཕབ་འགོ་རྩོམ་པ་ཁྱབ་བསྒྲགས་བྱེད་པ།

          ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅིས་ཏེ་མཱ་ཅ་ཡིས་མུ་འབྲེལ་བརྙན་འཕྲིན་ཟློས་གར《ཚྭ་འདམ་གྱི་མཛའ་སེམས》བརྙན་ཕབ་འགོ་རྩོམ་པ་ཁྱབ་བསྒྲགས་བྱས་ཤིང་།  ཅིས་ཏེ་མཱ་ཅ་ཡིས་བསྟན་དོན། ཉེ་བའི་ལོ་འགའི་ཚུན་ལ། མཚོ་ནུབ་ཀྱི་འཕེལ་རྒྱས་དང་རིག་གནས་འཛུགས་སྐྲུན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང༌། རྒྱལ་ཁབ་རིམ་པའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ས་ཁུལ་གཅིག་གི་ནང་ཡིན་པར་གཞིགས་ན། མཚོ་ནུབ་ཁུལ་ནི་རང་ཁུལ་གྱི་འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེས་ལེགས་པའི་ས་ཁུལ་དུ་འགྱུར་ངེས་ཤིང༌།  རི་མཐོ་ས་གཙང་ལ། མཛེས་སྡུག་ལྡན་པའི་གནས་མཆོག་འདི་ནས་རིགས་སོ་སོའི་མི་དམངས་མཉམ་སྤྲོ་མཉམ་གནས་སུ་གནས་པ་དང༌། ཕན་ཚུན་རོགས་རེས་འོག་མཉམ་དུ་ཐུན་མོང་གི་ཁྱིམ་གཞིས་འཛུགས་སྐྲུན་བྱས་ཏེ། འོད་སྟོང་འབར་བའི་རིག་གནས་གསར་སྤེལ་བྱས་པ་རེད་ཞེས་བསྟན།  ཁོས་ནན་གྱིས་བསྟན་དོན། གོང་སྤེལ་གྱི་ལྟ་བ་ཡང་དག་གཏིང་ཟབ་སྒོས་དོན་འཁྱོལ་ཡོང་བར་བྱས་ཏེ། དུས་རབས་ཀྱི་སྔོན་ཐོན་རིག་གནས་བརྒྱུད་སྤེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། མི་རིགས་ཀྱི་བསམ་པའི་གོ་རྟོག་མཐོ་རུ་བཏང་ཐོག    མི་རིགས་ཀྱི་བསམ་པའི་སྙིང་སྟོབས་བསྐྱེད་སྲིང་དང་། རོང་འབྲོག་སྡེ་གསར་བ་འཛུགས་སྐྲུན་བྱེད་པ་དང་མཁར་གྲོང་གཅིག་གྱུར་ཅན་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་པོར་སྐུལ་འདེད་བྱེད་དགོས།  རིག་གནས་སྒྱུ་རྩལ་གྱི་ལམ་བུ་གསར་སྤེལ་སྒོས་རིག་གནས་སྟོབས་ལྡན་གྱི་ཞིང་ཆེན་ལམ་དུ་མྱུར་སྐྱོད་བྱེད་དགོས།  ས་གནས་མི་རིགས་ཀྱི་འཕེལ་རྒྱས་ཚུར་སྣང་བྱེད་པའི་བརྙན་འཕྲིན་ཟློས་གར་ཕབ་སྐྲུན་བྱེད་པ་འདི་སྔོན་ཐོན་རིག་གནས་འཕེལ་རྒྱས་སུ་གཏོང་བ་དང༌། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཏང་གི་སྣེ་ཁྲིད་འོག  མི་རིགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་པ་དང༌། མི་རིགས་ཀྱི་སྙིང་སྟོབས་ཆེར་བསྐྱེད་དེ། ཏང་གི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བར་ལོ་རྒྱུས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་ཟབ་མོ་ཡོད་པ་རེད་ཅེས་བསྟན།


ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅིས་ཏེ་མཱ་ཅ་དང༌། ཁུལ་ཨུའི་ཧྲུའུ་ཅི་
ཞིན་གོ་པིན།  པེ་ཅིན་ཧྲི་ཡེ་ཐེན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཡོན་
ཞིས་པའོ་བཅས་ཀྱིས་མཉམ་དུ་བརྙན་ལེན་འཕྲུལ་ཆས་ཀྱི་བརྙན་རིས་ཡོལ་བ་ཕྱེ།

          ཁུལ་ཨུའི་ཧྲུའུ་ཅི་ཞིན་གོ་པིན་གྱིས་ཤིས་ཚིག་ཁྲོད་བསྟན་དོན།  ཉེ་བའི་ལོ་འགའི་ཚུན་ལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང༌།  ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག   ང་ཚོའི་རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཐབས་ཇུས་དང༌། མཚོ་སྔོན་སོགས་བོད་ཁུལ་འཛུགས་སྐྲུན་མགྱོགས་མྱུར་ངང་འཕེལ་རྒྱས་དང་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་ཀྱི་གོ་སྐབས་དམ་པོར་བཟུང་ཏེ། མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་དང༌། མཐུན་སྒྲིལ་འབད་འབུངས། བདེན་འཚོལ་བརྩོན་ལེན་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ་དང༌། མི་རིགས་མཐུན་སྒྲིལ་སྔོན་དུ་སྐྱོད་པ།  སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡིན་པ་དང༌། མི་དམངས་རྣམས་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་རྣམ་པ་བཟང་བོ་མངོན་ཡོད།   ཐེངས་འདིའི་མཚོ་ནུབ་དང་པེ་ཅིན་ཧྲི་ཡེ་ཐེན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར《ཚྭ་འདམ་གྱི་མཛའ་སེམས》ནི་གློག་བརྙན《མཛའ་གྲོགས་མཚོའུ》རྗེས་ཀྱི་བརྙན་འཕྲིན་ཟློས་གར་ཡིན་ལ།  འདིའང་ཚྭ་འདམ་གྱི་ཡུལ་སྲོལ་མཚོན་པར་བྱེད་པ་དང༌། མཚོ་ནུབ་ཕྱི་ལ་ངོམ་བྱེད་ཀྱི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ཞིང༌། མཚོ་ནུབ་རྒྱལ་ཡོངས་སུ་བསྐྱོད་པའི་འབྲེལ་ཟམ་ཞིག་བསྐྲུན་པ་རེད། ཁོའི་རེ་བ་ལ། ཁུལ་ནང་རོལ་གྱི་འབྲེལ་ཡོད་སྡེ་ཁག་གིས་པེ་ཅིན་ཧྲི་ཡེ་ཐེན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་ཟི་ལ་མཉམ་འབྲེལ་དང་རྒྱབ་སྐྱོབ་བཟང་བོ་རྒྱབ་ཏེ། ཅི་ནུས་ཀྱིས་མུ་འབྲེལ་བརྙན་འཕྲིན་ཟློས་གར《ཚྭ་འདམ་གྱི་མཛའ་སེམས》ཞེས་པ་མཚོ་ནུབ་དྲིལ་སྒྲོག་གི་སྟེགས་བུ་གལ་ཆེན་དུ་བཟུང་ནས། མི་རིགས་མཐུན་སྒྲིལ་གྱི་ཚབ་བྱེད་བརྩམས་ཆོས་ཤིག་ཏུ་འགྱུར་ཐུབ་པར་རེ་བ་བསྟན།
          ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅིས་ཏེ་མཱ་ཅ་དང༌། ཁུལ་ཨུའི་ཧྲུའུ་ཅི་ཞིན་གོ་པིན།  པེ་ཅིན་ཧྲི་ཡེ་ཐེན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཡོན་ཞིས་པའོ་བཅས་ཀྱིས་མཉམ་དུ་བརྙན་ལེན་འཕྲུལ་ཆས་ཀྱི་བརྙན་རིས་ཡོལ་བ་ཕྱེ། རྒྱུས་ལོན་པ་ལྟར་ན། ཉེ་ལམ་སོ་མ་སྐབས14པའི་ཧྭ་པའོ་བྱ་དགའི་སྟེང་ཕུལ་བྱུང་གྲངས་འཛིན་གློག་བརྙན་གྱི་བྱ་དགའ་ཐོབ་པའི《ཉི་འོད་མི་བཟང་སྟེང་དུ་འཕྲོ》ཞེས་པའི་འཁྲབ་ཁྲིད་པ་ཡང་ཀྲིན་གྱིས་ཐེངས་འདིའི་བརྙན་འཕྲིན་ཟློས་གར་གྱི་འཁྲབ་ཁྲིད་པའི་འགན་ཁུར་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།