ཞི་བདེ་ཉི་མའི་གློག་བརྙན《སྒྲོལ་མའི་མགུལ་རྒྱན》དང《སྐལ་བཟང་གི་གཟའ་མཇུག》གཉིས་ལ་བྱ་དགའ་ཐོབ།
འཁྲབ་ཁྲིད་པ་ཞི་བདེ་ཉི་མ་དང་ཕབ་སྐྲུན་པ་བསོད་ནམས་རྒྱལ།
ཉེ་ལམ། པེ་ཅིན་ཁ་བ་ཅན་གློག་བརྙན་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་བཟོ་བསྐྲུན་བྱས་པ་དང་། བོད་ཀྱི་སྒྱུ་རྩལ་པ་དང་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཞི་བདེ་ཉི་མས་འཁྲབ་ཁྲིད་བྱས་པའི་གཏམ་རྒྱུད་གློག་བརྙན《སྒྲོལ་མའི་མགུལ་རྒྱན》དང་དངོས་ཞུའི་གློག་བརྙན《སྐལ་བཟང་གི་གཟའ་མཇུག》གཉིས་ལ། སྐབས་དང་པོའི་ཀྲུང་གོའི་ནུབ་བརྒྱུད་སློབ་ཆེན་གློག་བརྙན་དུས་སྟོན་སྟེང་སོ་སོར་བྱ་དགའ་ཨང་གཉིས་པ་དང་གསུམ་པའི་ཐོབ་པ་མ་ཟད། ཞི་བདེ་ཉི་མར་ཕུལ་བྱུང་གློག་བརྙན་འཁྲབ་ཁྲིད་པའི་གཟེངས་རྟགས་བྱ་དགའ་ཐོབ། འབྱོར་བའི་གནས་ཚུལ་ལྟར་ན་དངོས་ཞུའི་གློག་བརྙན《སྐལ་བཟང་གི་གཟའ་མཇུག》ཀྲུང་གོའི་དངོས་ཞུའི་གློག་བརྙན་འཕེལ་རྒྱས་རྒྱབ་རོགས་འཆར་གཞིའི་ནང་བདམས་ཐོན་བྱུང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com