《བསོད་ལྷ》ཡི་འཁྲབ་སྟོན་པ་འཇིགས་བྱེད་ཚེ་རིང་ལ་བཅར་འདྲི།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-29 08:52:00 ཀློག་གྲངས།:
༡ ཁྱེད་རང་ལ་གློག་བརྙན་འཁྲབ་སྟོན་སྦྱོང་བའི་བསམ་བློ་གང་བྱས་སྐྱེས་བྱུང་།
     ཆུང་དུས་ནས་བཤད་གར་སྒྱུ་རྩལ་དང་ཁ་ཤགས་སྒྱུ་རྩལ་ལ་དུངས་བས། གར་སྟེགས་ཆེ་ཆུང་ཐེངས་མང་བརྒྱུད་པའི་ནར་སོན་གྱི་གོ་རིམ་ཁྲོད་གློག་བརྙན་འཁྲབ་སྟོན་ཆེད་ལས་ཅན་གྱི་ལམ་ལ་གོམ་ཁ་སྤོས།
༢ 《བསོད་ལྷ》ཞེས་པའི་གློག་བརྙན་ཁྲོད་ཁྱེད་ཀྱིས་མི་སྣ་གང་འདྲ་ཞིག་འཁྲབ་ཡོད།
     དབང་འདུས་ཟེར་བའི་འབྲོག་པའི་རྒད་པོ་དགའ་ཡངས་དགོད་ཡངས་ཞིག་གི་སྣང་བརྙན་གསར་བཞེངས་བྱས་ཡོད།
༣ མི་སྣ་དབང་འདུས་འཁྲབ་པའི་གོ་རིམ་ཁྲོད་ཀྱི་དཀའ་ཁག་གཙོ་བོ་གང་ན་འདུག
     ཨ་ཕ་ཞིག་གི་སེམས་ཁམས་དང་ཁྱིམ་ཚང་ལ་བཟུང་བའི་འགན་འཁྲི།འབྲོག་པའི་རྒད་པོ་ཞིག་གི་བྱ་བྱེད་བཅས་རེད།
༤ ད་ཐེངས་མི་སྣ་གཙོ་བོ་འཁྲབ་པའི་གོ་རིམ་ཁྲོད་ཉམས་མྱོང་གང་འདྲ་རྙེད་སོང་།
     མི་སྣ་ཆེ་ཆུང་གང་ཞིག་གི་སྣང་བརྙན་གསར་བཞེངས་བྱེད་དུས་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་དགོས་པར་འདོད།
༥ ཁྱེད་ལ་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་དག་ལ་དམིགས་བསལ་སྐད་ཆ་ཞུ་རྒྱུ་ཨེ་ཡོད།
     འཁྲབ་སྟོན་པ་ཞིག་ཡིན་ཕྱིན་འདས་མ་ད་གསུམ་གྱི་མི་སྣའི་རྣམ་ཤེས་གསོ་སྦྱོང་བྱས་ཏེ་གསོན་ཉམས་ལྡན་པའི་སྒོ་ནས་དེ་བེད་སྤྱོད་གཏོང་རྒྱུ་དེ་རེད། ཡིན་ཡང་དེ་ལས་ཀྱང་གཙོ་ཆེ་བ་ནི་གློག་བརྙན་འཁྲབ་སྟོན་པ་ཞིག་ཡིན་ན་བྱད་གཟུགས་ལེགས་པོ་ཞིག་དང་ཁ་ལྕེ་བདེ་མོ་ཞིག་ཡོད་པའི་རྨང་གཞིའི་ཐོག་རིག་གནས་ཆུ་ཚད་ངེས་ཅན་ཞིག་དགོས་འདུག སྤྱི་ཚོགས་འཚོ་བའི་ནང་ཟབ་ཞུགས་བྱས་ནས་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པར་གཏོང་བ། མི་གཞི་ཡག་པོ་ཞིག་ཆགས་རྒྱུ་ནི་གཙོ་བའི་གཙོ་བོ་རེད་འདོད་དོ།།
༦ ཁྱེད་ཀྱིས་བོད་ཀྱི་གློག་བརྙན་གྱི་གནས་སྟངས་ལ་ཇི་ལྟར་ལྟ།
     སྤྱིར་བོད་ཀྱི་གློག་བརྙན་གླེང་དུས་རྒན་པད་མ་ཚེ་བརྟན་དང་ཁོའི་གློག་བརྙན་མི་གླེང་ཐུ་མེད་བྱུང་འགྲོ  ཁོང་གིས་བོད་ཀྱི་གློག་བརྙན་ཞེས་པའི་རིག་གནས་འདི་འཛམ་གླིང་སྒྱུ་རྩལ་དོ་རའི་ནང་ནས་འཁྲུངས་སུ་བཅུག་པ་རེད། ཡིན་ཡང་བོད་ཀྱི་གློག་བརྙན་གྱི་གནས་སྟངས་དེ་རྒན་པད་མ་ཚེ་བརྟན་གྱི་གློག་བརྙན་ཁོ་ནས་ཚབ་མཚོན་བྱེད་ཐུབ་པ་ཞིག་མ་རེད། ད་ལྟའི་བོད་ཀྱི་གློག་བརྙན་གྱི་གནས་སྟངས་ནི་ད་དུང་ཐོག་མའི་ལམ་ན་འདུག  བྱིས་པ་ཞིག་དང་འདྲ། འབུས་བཞིན་པའི་མྱུ་གུ་ཞིག་དང་འདྲ། ཡང་གཅིག་བཤད་ན་འཐུས་ཚང་མ་ཡིན་པའི་སྒྱུ་རྩལ་ཞིག་རེད། དེ་ཡང་གཙོ་བོ་ཆེད་ལས་ཅན་གྱི་བོད་རང་གི་གློག་བརྙན་དོན་གཉེར་པའི་དཔུང་སྡེ་ཞིག་མེད་པས་རེད། 
     ད་ལྟ་པེ་ཅིན་སོགས་ན་གློག་བརྙན་འཁྲབ་ཁྲིད་དང་བརྙན་ལེན། འཁྲབ་སྟོན་སྦྱོང་མཁན་གྱི་བོད་སྐད་བོད་ཡིག་ཤེས་པའི་ན་གཞོན་སྐོར་ཞིག་ཡོད་ཀྱང་། དེ་ལས་གློག་བརྙན་རྩོམ་རིག་དང་གློག་བརྙན་གྲ་སྒྲིག  སྒྲ་ལེན་དང་གློག་འོད། མཛེས་བཟོ། རི་མོ། རྗེས་མའི་སྒྲིག་སྦྱོར། མདོག་བསྒྱུར་སོགས་ཀྱི་ཆེད་ལས་སྦྱོང་མཁན་ཧ་ལམ་མེད་པས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།