བོད་ཀྱི་དམངས་སྲོལ་བརྙན་འཕྲིན་ཟློས་གར《སྦྲ་ནག་དུས་སྟོན》དཔར་སྐྲུན་འགྲེམ་སྤེལ་མཛད་སྒོ་བསྡུས།
བོད་ཀྱི་དམངས་སྲོལ་བརྙན་འཕྲིན་ཟློས་གར《སྦྲ་ནག་དུས་སྟོན》དཔར་སྐྲུན་
འགྲེམ་སྤེལ་མཛད་སྒོ་གཏེར་ལེན་ཁ་རུ་བསྡུས།
ཉེ་ཆར། བོད་ཀྱི་དམངས་སྲོལ་བརྙན་འཕྲིན་ཟློས་གར《སྦྲ་ནག་དུས་སྟོན》དཔར་སྐྲུན་འགྲེམ་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་གཏེར་ལེན་ཁ་རུ་བསྡུས། མཚོ་སྔོན་ཞིང་ཆེན་གློག་བརྙན་འཕྲིན་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་ཀྲང་ཧེ་ཐའོ་དང་། མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་བང་ཅིན་ཀྲེ་མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གྲོས།ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུའུ། ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཁུལ་སློབ་གསོ་ཅུའུ། ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་རྩོམ་རིག་ཆེད་མཁས་པ་དང་། སྒྱུ་རྩལ་པ།ལས་བྱེད་མང་ཚོགས། དེ་མིན་ད་དུང་ཕབ་སྐྲུན་དང་འཁྲབ་སྟོན་འཐུས་ཚབ་མི་སྣ་བརྒྱར་ཉེ་བ་ལྷག་མཛད་སྒོའི་སྟེང་ཞུགས། མཛད་སྒོ་བརྗོད་དོན་བརྙན་ཐུང་མདོར་སྟོན་པའི་བརྙན་རིས་ལམ་ནས་མགོ་བརྩམས་ཤིང་། ཚང་མས་བརྗོད་དོན་བརྙན་ཐུང་ལ་བལྟས་རྗེས་རང་རང་གི་དགོངས་ཚུལ་ལྷུག་པོར་བརྗོད།
མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་བང་ཅིན་ཀྲེ་ཡིས《སྦྲ་ནག་དུས་སྟོན》དངོས་སུ་དཔར་སྐྲུན་འགྲེམ་སྤེལ་བྱུང་བ་དང་གྲུབ་འབྲས་འབུར་ཐོན་བླངས་པར་ཁས་ལེན་དང་གཟེངས་བསྟོད་ཆེན་པོ་བྱས་ཤིང་། འདིས་མཚོ་ནུབ་ཀྱི་མི་རིགས་རིག་གནས་འཛུགས་སྐྲུན་ཐད་བྱས་རྗེས་མི་དམན་པ་བཞག་ཡོད་པ་བསྟན།མཚོ་སྔོན་ཞིང་ཆེན་གློག་བརྙན་འཕྲིན་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་ཀྲང་ཧེ་ཐའོ་ཡིས《སྦྲ་ནག་དུས་སྟོན》ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་གཙོ་བོར་མཚོན་པའི་གློག་བརྙན་ཞིག་ཡིན་པས།འདིས་གཟུགས་འདས་ཤུལ་བཞག་རིག་གནས་སྔོག་འདོན་དང་མྱུར་སྐྱོབ། རྒྱུན་འཛིན་དར་སྤེལ་ཐད་སྲུང་སྐྱོབ་རང་བཞིན་གྱི་ནུས་པ་དང་བཟང་ཤན་བཏོན་ཡོད་པ་བསྟན།
《སྦྲ་ནག་དུས་སྟོན》ནི་མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསོད་རྡོས་གསར་རྩོམ་བྱས་པའི་མཚོ་ནུབ་ས་བབས་ཀྱི་ཁྱད་ཆོས་ལྡན་པའི་བརྙན་འཕྲིན་བརྩམས་ཆོས་ཐོག་མ་ཡིན་ལ།ཚྭ་འདམ་གྱི་ཡུལ་སྲོལ་གོམས་འདྲིས་མངོན་མཚོན་བྱེད་པ་དང་།ཕྱོགས་ཡོངས་ནས་མཚོ་ནུབ་ཀྱི་སྣང་བརྙན་ཕྱི་ལ་འགྲེམ་སྟོན་བྱེད་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཀྱང་ཡིན།བརྩམས་ཆོས་དོན་དངོས་འཚོ་བར་རྐང་བཙུགས་ཏེ།སྤྱིར་བཏང་གི་མང་ཚོགས་མི་སེར་དཀྱུས་མའི་གཏམ་རྒྱུད་ལ་དྲངས་ཤིང་།སྤྱི་ཚོགས་ཡོངས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་ལ་དོ་ཁུར་བྱེད་པ་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་སྔར་ལས་ཇེ་ཆེར་གཏོང་བར་འབོད་སྐུལ་བཏང་ཡོད།
བརྩམས་ཆོས་འདིར་ཨེ་ཤ་ཡ་གླིང་གི་སྐབས་ཐོག་མའི་གསེར་གྱི་མངར་འབྲས་མེ་ཏོག་རྟགས་མ་དང་སྐབས་དྲུག་པའི་ཀྲུང་གོའི་མི་རིགས་སྐད་ཡིག་དང་མི་རིགས་བརྩམ་གཞིའི་ཁྲོད་གསེར་གཤོག་རྟགས་མའི་གློག་བརྙན་འཕྲིན་གསར་རྩོམ་རིགས་ཀྱི་བྱ་དགའ་ཨང་དང་པོ་སོགས་བྱ་དགའ་རིགས་བཅུ་ལྷག་ཐོབ་མྱོང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com