《སྐྱ་རེངས་མེད་པའི་དབྱར་ཁ》ཞེས་པའི་བརྙན་ཕྲན་དྲ་ལམ་དུ་བཏང་བ།
《སྐྱ་རེངས་མེད་པའི་དབྱར་ཁ》ཞེས་པའི་བརྙན་ཕྲན་དྲ་ལམ་དུ་བཏང་བ།
འཁྲབ་ཁྲིད་པ་ཁྲོ་རྒྱལ་ཚེ་རིང་།
དེང་རབས་གསར་སྐྱེས་ན་གཞོན་སྙན་ངག་པ་དང་གཞས་ཚིག་འབྲི་བ་བོ་སྟེ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཁྲོ་རྒྱལ་ཚེ་རིང་ངམ་ལྡོང་སྲས་ཨ་བྷེ་ཡིས་རྩོམ་འབྲི་དང་འཁྲབ་ཁྲིད་བྱས་ཤིང་གཞས་པ་གདུགས་དཀར་ཡག་གིས་གཙོ་འཁྲབ་བྱས་པའི་བརྙན་ཕྲན་འདི་ནི། ཉེ་བའི་ལོ་གཅིག་གཉིས་ཙམ་གྱི་སྔ་རོལ་དུ་ཕབ་བསྐྲུན་ལེགས་འགྲུབ་བྱུང་མོད། ཡིན་ནའང་། ད་ལྟའི་བར་དུ་དྲ་ལམ་དུ་བཞག་མེད་པས། ད་རེས་ལྟ་མཁན་མང་པོ་ཞིག་གི་རེ་བ་ལྟར་འདིར་བཀོད་ཡོད།
ཕབ་བསྐྲུན་ཡུལ་དངོས་ཀྱི་རྣམ་པ།
ཕབ་བསྐྲུན་ལ་ཞུགས་པའི་མི་རྣམས་ཀྱི་ལྷན་པར།
བརྙན་ཕྲན་འདིའི་ནང་དུ་གཙོ་བོར། བོད་ཁམས་འདིའི་དུས་རབས་ཤིག་གི་བསམ་བློ་གསར་བ་དང་རིག་གནས་གསར་བའི་བར་གྱི་འགལ་འདུ་སོགས་གཙོར་བཟུང་སྟེ། སྤྱི་ཚོགས་ཀྱི་འཚོ་བའི་ཟུར་མང་པོ་ཞིག་ལ་ཚུར་སྣང་བྱས་པའི་ཞོར་དུ། ད་དུང་ཕུན་སུམ་ཚོགས་པའི་བོད་ཀྱི་སྐད་ཆའི་སྒྱུ་རྩལ་དང་ཉིང་བཅུད་སྤྱད་ཡོད་པས་ཚང་མས་ལྟ་རིན་ཡོད་པ་ཞིག་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com