གློག་བརྙན《ཐར་ལོའི》ཕབ་སྐྲུན་རུ་ཁག་གིས་འབའ་རྫོང་དུ་ཕབ་བསྐྲུན་བྱེད་བཞིན་པ།

རྩོམ་པ་པོ།:གཅོད་པ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-22 10:50:00 ཀློག་གྲངས།:


གློག་བརྙན《ཐར་ལོའི》ཕབ་སྐྲུན་རུ་ཁག་གིས་འབའ་རྫོང་དུ་ཕབ་བསྐྲུན་བྱེད་བཞིན་པ།


གློག་བརྙན《ཐར་ལོའི》ཕབ་སྐྲུན་རུ་ཁག་གིས་འབའ་རྫོང་དུ་ཕབ་བསྐྲུན་བྱེད་བཞིན་པ།


གློག་བརྙན《ཐར་ལོའི》ཕབ་སྐྲུན་རུ་ཁག་གིས་འབའ་རྫོང་དུ་ཕབ་བསྐྲུན་བྱེད་བཞིན་པ།


གློག་བརྙན《ཐར་ལོའི》ཕབ་སྐྲུན་རུ་ཁག་གིས་འབའ་རྫོང་དུ་ཕབ་བསྐྲུན་བྱེད་བཞིན་པ།


གློག་བརྙན《ཐར་ལོའི》ཕབ་སྐྲུན་རུ་ཁག་གིས་འབའ་རྫོང་དུ་ཕབ་བསྐྲུན་བྱེད་བཞིན་པ།


གློག་བརྙན《ཐར་ལོའི》ཕབ་སྐྲུན་རུ་ཁག་གིས་འབའ་རྫོང་དུ་ཕབ་བསྐྲུན་བྱེད་བཞིན་པ།


གློག་བརྙན《ཐར་ལོའི》ཕབ་སྐྲུན་རུ་ཁག་གིས་འབའ་རྫོང་དུ་ཕབ་བསྐྲུན་བྱེད་བཞིན་པ།

     ཉེ་ལམ། པེ་ཅིན་ཐེན་ཧྭ་ཧྭ་ཐེན་གློག་བརྙན་འཕྲིན་ལས་རིགས་ཀུང་ཟི་དང་ཞིན་ཐེན་ཧྭ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་ཟི། པེ་ཅིན་ཞིན་ཁུང་ཡེས་ཧི་གློག་བརྙན་འཕེལ་རྒྱས་ཚད་ཡོད་ཀུང་ཟི། པེ་ཅིན་ཧེ་ཡང་ཧྲུ་ཀུང་རིག་གནས་ཁྱབ་སྒྲོག་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་སྒོས་མ་དངུལ་བཏང་བའི་གློག་བརྙན་བརྩམས་ཆོས《ཐར་ལོ》འབའ་རྫོང་ཏུ་ཕབ་བསྐྲུན་བྱས།
     《ཐར་ལོ》ཞེས་པའི་གློག་བརྙན་འདིའི་འཁྲབ་གཞུང་རྩོམ་མཁན་དང་འཁྲབ་ཁྲིད་པ་ཞིག་ཡིན་པའི་ཆ་ནས། པདྨ་ཚེ་བརྟན་གྱིས་བཤད་རྒྱུར། གློག་བརྙན་འདི་ནི་བརྩམས་སྒྲུང《ཐར་ལོ》སྒྲིག་བཅོས་བྱས་པ་ཞིག་ཡིན་ཞིང་། ཕབ་བསྐྲུན་གྱི་དགོས་མཁོའི་དབང་གིས་ཕབ་བསྐྲུན་རུ་ཁག་གིས་ཕབ་བསྐྲུན་ས་གནས་དེ་ཁྲི་ཀ་རྫོང་དང་འབའ་རྫོང་གཉིས་གཏན་འཁེལ་བྱས་པ་དང་། ཐེངས་འདིར་འབའ་རྫོང་དུ་ཉིན་བཞིའི་རིང་ཕབ་བསྐྲུན་མཇུག་སྒྲིལ་ངེས་ལ། ཉེ་དུས་ཕབ་བསྐྲུན་རུ་ཁག་ད་དུང་འབའ་རྫོང་དུ་ཡོང་སྟེ་གློག་བརྙན་འདིའི་མཇུག་གི་རིམ་པ་ཕབ་བསྐྲུན་བྱེད་དགོས།
     རྒྱུས་ལོན་པ་ལྟར་ན། གློག་བརྙན《ཐར་ལོ》ཡིས་དྲན་ཤེས་ཀྱི་ནུས་པ་ཤིན་ཏུ་ལེགས་པའི་རྫི་བོ་ཁེར་རྐྱང་ཐར་ལོ་ཡིས་ཐོབ་ཐང་ལག་འཁྱེར་སྒྲུབ་པར་བྱུང་བའི་བསམ་ཡུལ་ལས་འདས་ཤིང་སྐྱོ་སྣང་གིས་ཁེངས་བའི་གཏམ་རྒྱུད་དེ་ཞིབ་པོར་བཤད་ཡོད། གློག་བརྙན་འདིའི་ནང་བོད་ཁུལ་ན་མིང་ཏུ་གྲགས་པའི་བཞད་གར་འཁྲབ་སྟོན་པའམ་སྒྱུ་རྩལ་པ། གློག་བརྙན་འཁྲབ་ཁྲིད་པ་ཞི་བདེ་ཉི་མས་མི་སྣ་གཙོ་བོ་ཐར་ལོ་འཁྲབ་ཡོད་པ་རེད།


འཁྲབ་གཙོ་པ་ཞི་བདེ་ཉི་མར་བཅར་འདྲི།

     འཁྲབ་གཙོ་པ་ཞི་བདེ་ཉི་མས་བཤད་རྒྱུར། ཐེངས་འདིའི་གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོ་ཐར་ལོ་ནི་རི་ལུང་དུ་ཚེ་གང་བོར་ཕྱུག་འཚོ་བ་དང་། ཉམས་ཆུང་དང་ཁེར་རྐྱང་དུ་འདུག་པའི་མི་ཞིག་ཡིན་ལ། སྔར་བཞད་གར་དུ་འཁྲབ་པའི་མི་སྣ་དང་མུ་འབྲེལ་བརྙན་འཕྲིན《མོ་སྟོན་ཕག་མགོ》སོགས་སུ་འཁྲབ་པའི་མི་སྣ་དང་ཅུང་མི་མཐུན་པས་འཁྲབ་སྟོན་གྱི་དཀའ་ཁག་ཆེན་པོ་འདུག
     དེ་ཡང་བོད་ཀྱི་གླུ་མ་གྲགས་ཅན་ཏེ་ཐེངས་མང་བོར་གློག་བརྙན་འཁྲབ་སྟོན་ལ་ཞུགས་པའི་གཡང་ཕྱུག་འཚོས་གློག་བརྙན་འདིའི་མི་སྣ་གཙོ་བོ་གཡང་འཚོ་འཁྲབ་ཡོད།


གཡང་ཕྱུག་འཚོ་ལ་བཅར་འདྲི།

     གཡང་ཕྱུག་འཚོས་བཤད་རྒྱུར། 《ཐར་ལོ》ཞེས་པའི་གློག་བརྙན་འདིའི་ཁྲོད་དགའ་སྐྱོ་ཕྱི་རུ་ངོམ་པ་དང་། ཧམ་སེམས་ཆེ་ཞིང་གཡོ་སྒྱུ་ཆེ་བའི་སྐྲ་བཞར་ཁང་གི་འགོ་གཙོ་ཞིག་འཁྲབ་པ་ཡིན་ལ། སྔར་འཁྲབ་པའི་མི་སྣའི་རང་གཤིས་དང་བར་ཆད་ཆེན་པོ་འདུག
     ཕབ་བསྐྲུན་ཡུལ་དངོས་སུ། མིང་དུ་གྲགས་པའི་བཞད་གར་འཁྲབ་སྟོན་པ་ཞི་བདེ་ཉི་མ་དང་རང་ས་གནས་འདིར་སྐྱེས་ཤིང་འདི་ལས་ནར་སོན་པའི་བོད་ཀྱི་གླུ་མ་གྲགས་ཅན་གཡང་ཕྱུག་འཚོ་གཉིས་འཁྲབ་སྟོན་ལ་ཞུགས་ཡོད་སྟབས། མང་ཚོགས་གང་མང་མང་ཞིག་གནས་འདི་གར་རུབ་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།