ན་གཞོན་འཁྲབ་ཁྲིད་པ་གསུམ་གྱི་གློག་བརྙན་འགྲེམ་སྟོན་བགྲོ་གླེང་ཚོགས་འདུ་ཀན་ལྷོ་རུ་བསྡུས་པ།
ན་གཞོན་འཁྲབ་ཁྲིད་པ་གསུམ་གྱི་གློག་བརྙན་འགྲེམ་སྟོན་བགྲོ་གླེང་ཚོགས་འདུ་ཀན་ལྷོ་རུ་བསྡུས་པ།
ན་གཞོན་འཁྲབ་ཁྲིད་པ་བདུད་རྩི་སྐྱིད། རྡོར་བྷ། ཨ་སྒང་ཡར་རྒྱས།
འཁྲབ་ཁྲིད་པ་གསུམ་གྱིས་རང་གི་མྱོང་ཚོར་གླེང་བཞིན་པ།
སྤྱི་ཟླ6པའི་ཚེས14ཉིན། བོད་ཀྱི་ན་གཞོན་གློག་བརྙན་འཁྲབ་ཁྲིད་པ་གསུམ་གྱི་གློག་བརྙན་འགྲེམ་སྟོན་དང་བགྲོ་གླེང་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐོག་ནས་སྤྲོ་སེམས་འཁོལ་བའི་ངང་ཚོགས། རེབ་འདིའི་འགྲེམ་སྟོན་དང་བགྲོ་གླེང་ལ་ཞུགས་པའི་ན་གཞོན་གློག་བརྙན་པ་གསུམ་ནི་རྡོར་བྷ་དང་བདུད་རྩི་སྐྱིད། ཨ་སྒང་ཡར་རྒྱས་བཅས་ཏེ། གློག་བརྙན་ལས་རིགས་སུ་འཁྲབ་ཁྲིད་པའི་ཆེད་ལས་སྦྱངས་པའི་ན་གཞོན་གསུམ་ཡིན་ལ། ཁོ་ཚོས་ལོ་འདི་ཚོའི་རིང་ལ་གཏམ་རྒྱུད་གློག་བརྙན་དང་། དངོས་བྲིས་གློག་བརྙན་གྱི་བརྩམས་ཆོས་སོགས་ཕབ་སྐྲུན་བྱས་ནས་བོད་ཁུལ་སྤྱི་དང་རྒྱལ་ནང་དང་རྒྱལ་སྤྱིའི་སློབ་མའི་གློག་བརྙན་དུས་སྟོན་ཁ་ཤས་སྟེང་དུའང་གཟེངས་རྟགས་མངོན་གསལ་བླངས་ཡོད།
ཐེངས་འདིའི་འགྲེམ་སྟོན་དུ་འཁྲབ་ཁྲིད་པ་རྡོར་བྷའི་དངོས་བྲིས་གློག་བརྙན《ངའི་སློབ་གྲོགས》དང་། བུད་མེད་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱི《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》། ཨ་སྒང་ཡར་རྒྱས་ཀྱི《བསོད་ལྷ》དང《ལམ་གྱི་རྨི་ལམ》སོགས་འགྲེམ་སྟོན་བྱས་པ་དང་། དེ་དང་མཐུད་ནས་ཁོ་གསུམ་གྱིས་གློག་བརྙན་སྒྱུ་རྩལ་ལ་བཅངས་པའི་རྣམ་དག་གི་བློ་སེམས་དང་། གློག་བརྙན་གསར་རྩོམ་ཁྲོད་ཀྱི་མྱོང་ཚོར་སོགས་བརྗོད་པ་དང་ལྟ་མཁན་དག་གི་འདྲི་གཞི་སོགས་ལ་ལན་བཏབ་སྟེ་ཤེས་རིག་དང་སྒྱུ་རྩལ། བློ་སྤོབས་དང་ལང་ཚོ། ཕུགས་བསམ་དང་དད་འདུན་གྱིས་ཁེངས་པའི་སྣང་ཚུལ་ཁྲོད་བདེ་ལེགས་ངང་མཇུག་སྒྲིལ་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com