མཚོ་སྔོན་གློག་བརྙན་འཕྲིན་ཡུལ་ལྗོངས་པར་ལེན་རྟེན་གཞིའི་སྒོ་བྱང་འགེལ་བ་དང《འབྲི་མོ་དུང་ཆུང་དཀར་མོ》ཕབ་པ།
མཚོ་སྔོན་ཞིང་ཆེན་གྱི་གློག་བརྙན་འཕྲིན་ཡུལ་ལྗོངས་པར་ལེན་རྟེན་གཞིའི་སྒོ་བྱང་འགེལ་བ་དང་གློག་བརྙན
《འབྲི་མོ་དུང་ཆུང་དཀར་མོ》ཕབ་སྐྲུན་གྱི་མཛད་སྒོ་བསྡུས་པ།(པར་ལེན་མཁན། ལྷ་སྐྱིད་སྒྲོལ་མ)
འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏིས་གློག་བརྙན་མཚམས་སྦྱོར་གནང་བ།(པར་ལེན་མཁན། ལྷ་སྐྱིད་སྒྲོལ་མ)
མཚོ་སྔོན་ཞིང་ཆེན་གྱི་གློག་བརྙན་འཕྲིན་ཡུལ་ལྗོངས་པར་ལེན་རྟེན་གཞིའི་སྒོ་བྱང་འགེལ་བ།(པར་ལེན་མཁན། ལྷ་སྐྱིད་སྒྲོལ་མ)
གློག་བརྙན《འབྲི་མོ་དུང་ཆུང་དཀར་མོ》ཕབ་སྐྲུན་གྱི་མཛད་སྒོ།(པར་ལེན་མཁན། ལྷ་སྐྱིད་སྒྲོལ་མ)
གློག་བརྙན《འབྲི་མོ་དུང་ཆུང་དཀར་མོ》ཕབ་སྐྲུན་རུ་ཁག(པར་ལེན་མཁན། ལྷ་སྐྱིད་སྒྲོལ་མ)
གློག་བརྙན《འབྲི་མོ་དུང་ཆུང་དཀར་མོ》ཕབ་སྐྲུན་བྱེད་པའི་ཡུལ་དངོས།(པར་ལེན་མཁན། ལྷ་སྐྱིད་སྒྲོལ་མ)
སྤྱི་ཟླ7པའི་ཚེས29ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་གློག་བརྙན་འཕྲིན་ཡུལ་ལྗོངས་པར་ལེན་རྟེན་གཞིའི་སྒོ་བྱང་འགེལ་བ་དང་གློག་བརྙན《འབྲི་མོ་དུང་ཆུང་དཀར་མོ》ཕབ་སྐྲུན་གྱི་མཛད་སྒོ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བདེ་སྐྱིད་ཐང་དུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་འགོ་གཙོ་ཟླ་བ་བཀྲ་ཤིས་དང་། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་འགོ་གཙོ་ཀི་ཝུན་ཅུན། གསེར་ཆེན་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སི་ཁྲིན་ཁོས། གསེར་ཆེན་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་འགོ་གཙོ་རྟ་མགྲིན་རྡོ་རྗེ། རྫོང་ཡུལ་སྐོར་ཅུའུ་ཡི་འགོ་གཙོ་ལིའུ་ཝུན་ཅུན་སོགས་ཞིང་ཆེན་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ། དེ་མིན་གློག་བརྙན《འབྲི་མོ་དུང་ཆུང་དཀར་མོ》ཞེས་པའི་བློ་འདོན་མི་སྣ་སོགས་ཐེངས་འདིའི་མཛད་སྒོར་ཞུགས་པ་དང་། གསེར་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་འགོ་གཙོ་རྡོ་རྗེས་མཛད་སྒོར་མདོ་འཛིན་བྱས།
མཛད་སྒོའི་སྟེང་། ཟླ་བ་བཀྲ་ཤིས་དང་སི་ཁྲིན་ཁོས་གཉིས་ཀྱིས་གཏམ་བཤད་སྤེལ་བ་དང་། བོད་རིགས་ན་གཞོན་འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏི་ཡིས་གློག་བརྙན《འབྲི་མོ་དུང་ཆུང་དཀར་མོ》མཚམས་སྦྱོར་གནང་ཞིང་། ཟླ་བ་བཀྲ་ཤིས་དང་ཀི་ཝུན་ཅུན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གློག་བརྙན་འཕྲིན་ཡུལ་ལྗོངས་པར་ལེན་རྟེན་གཞིའི་སྒོ་བྱང་བཀལ་བ་དང་། སི་ཁྲིན་ཁོས་དང་ཀླུ་རྒྱལ་རཱ་ཏི་གཉིས་ཀྱིས་གློག་བརྙན《འབྲི་མོ་དུང་ཆུང་དཀར་མོ》ཕབ་མགོ་བརྩམས།
གློག་བརྙན《འབྲི་མོ་དུང་ཆུང་དཀར་མོ》ནི་གསེར་ཆེན་རྫོང་གིས་གློག་བརྙན་འཕྲིན་ཡུལ་ལྗོངས་པར་ལེན་རྟེན་གཞི་འཛུགས་པའི་ན་ཆུང་བྱིས་པ་བརྗོད་གཞིའི་ཕ་སྐད་གློག་བརྙན་ཐོག་མ་ཡིན། འདི་ནི་མཐོ་སྒང་གི་མི་རྣམས་ཀྱིས་འཚོ་བའི་དོན་དུ་མིག་མདུན་གྱི་དཔལ་འབྱོར་ཁེ་ཕན་དང་སྲོལ་རྒྱུན་གྱི་དགེ་སེམས་བར་ནས་འགལ་འདུའི་ངང་འདུར་ཞིང་། མི་དང་སྲོག་ཆགས། མི་དང་རང་བྱུང་ཁམས་བར་གྱི་བརྩེ་སེམས་བོར་བའི་དུས་རབས་རྒྱབ་ལྗོངས་སུ་བྱས་ཏེ་ཚེ་སྲོག་གི་སྙིང་བོ་འཚོལ་བའི་གློག་བརྙན་ཞིག་ཡིན། གློག་བརྙན་འདིར་བརྒྱུད་དེ་ལོ10ཅན་གྱི་སངས་རྒྱས་སྒྲོལ་མས་འབྲི་མོ་དུང་ཆུང་དཀར་མོ་འཚོལ་བའི་སེམས་ཀྱི་འགྲུལ་བཞུད་ལས་བྱིས་པ་མང་ཆེ་བར་ཕན་ཚུན་ལ་བརྩི་བཀུར་དང་རོགས་རམ། སྲོག་ཆགས་དང་རང་བྱུང་ཁམས་ལ་ཉེ་བར་གྱར་ཤེས་པར་བྱེད་པ་དང་། རང་བྱུང་ཁམས་དང་སྲོག་ཆགས། མིའི་རིགས་བཅས་བར་གྱི་ཚེ་སྲོག་གི་འབྱུང་ཁུངས་དང་ཕྱིར་ལོག དེ་མིན་རང་བྱུང་གི་བྱ་དངོས་ཡོད་དོ་ཅོག་འཆམ་མཐུན་དུ་གནས་པའི་མཚན་ཉིད་ལྟ་བ་སོགས་ལ་དཔྱད་བསྡུར་བྱེད་པ་རེད།
《འབྲི་མོ་དུང་ཆུང་དཀར་མོ》ཞེས་པའི་གློག་བརྙན་འཁྲབ་གཞུང་ལ2015ལོའི་ཟླ4བར་པེ་ཅིང་སློབ་ཆེན་པའི་གློག་བརྙན་དུས་ཆེན་གྱི་འཁྲབ་གཞུང་ཚན་པར་ཕུལ་བྱུང་འཁྲབ་གཞུང་གི་བྱ་དགའ་ཐོབ་མྱོང་ཞིང་། གློག་བརྙན་འདི་ནི་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་མཆོད་རྟེན་དཀར་པོའི་སྒྱུ་རྩལ་རིག་གནས་ཁྱབ་སྒྲོག་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་སྒོས་ཕབ་སྐྲུན་སྒྲིག་བཟོ་བྱེད་པ་ཡིན་ལ། རྒྱལ་ཁབ་ཕྱི་ནང་དུ་བྱ་དགའ་གང་མང་ཐོབ་མྱོང་བའི་བོད་རིགས་ན་གཞོན་འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏིས་འཁྲབ་ཁྲིད་དང་འཁྲབ་གཞུང་སྒྲིག་རྩོམ་བྱེད་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com