《གཙོད་གྲོང་གི་ལས་དབང》ཞེས་པའི་བརྙན་ཕྲན་ལན་གྲུ་ནས་ཐོག་མར་བཏང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཁམས་པའི་དྲབ། དུས་ཚོད།:2015-10-01 07:04:00 ཀློག་གྲངས།:

བརྙན་ཕྲན

     ཉེ་སྔོན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་ཁུལ་གཙོད་གྲོང་ཁྱེར་གྱི་བརྙན་ཕྲན་ཐོག་མ《གཙོད་གྲོང་གི་ལས་དབང》ཞེས་པ་ཐེངས་དང་པོར་གཏོང་བ་དང་ཡུལ་སྐོར་ངོ་སྤྲོད་བྱེད་སྒོ་དེ་ནུབ་བྱང་དགེ་ཐོན་སློབ་གྲྭ་ཆེན་མོ་ནས་སྤེལ།
     གཙོད་གྲོང་ཁྱེར་གྱིས་ཀན་སུའུ་ཡི་ཧྭ་ཞའི་ཤེས་རིག་དར་སྤེལ་དང་རྒྱུན་འཛིན་གསར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད། རིག་གནས་གཙོ་གཉེར་གྱི་ཐབས་ཇུས་ལག་བསྟར། རིག་གནས་དང་ཡུལ་སྐོར་གཉིས་གཏིང་ཟབ་པོའི་སྒོ་ནས་མཉམ་འདྲེས་བྱ་སླད། 《གཙོད་གྲོང་གི་ལས་དབང》ཞེས་པའི་བརྙན་ཕྲན་འདི་ཕབ་སྐྲུན་བྱས་པ་རེད། བརྙན་ཕྲན་འདི་ལས་ནང་སའི་བུ་མོ་ཁྲིན་མོའོ་རང་གི་ལས་གྲོགས་དང་ལྷན་དུ་ཀན་ལྷོའི་རྩྭ་ཐང་དུ་ཡུལ་སྐོར་རུ་འོང་ཞིང་། གཙོད་གྲོང་དུ་མིང་ལ་དོན་འགྲུབ་ཟེར་བའི་བོད་ཀྱི་གསར་བུ་ཞིག་དང་འཕྲད་དེ་ཁོད་ཡངས་པའི་རྩྭ་ཐང་དང་གཡའ་དག་པའི་མཁའ་དབྱིངས་ཀྱི་མཛེས་སྡུག་ཉམས་སུ་མྱོང་ཞིང་། ཁོ་གཉིས་ཀྱིས་མཉམ་དུ་མཆོད་རྟེན་ལ་སྐོར་བ་བྱས་ཤིང་མི་ཚེ་དང་ཕུགས་འདུན་གླེང་ནས་ཕྱིར་དྲན་དྲོན་མོ་ཞིག་གི་ས་བོན་གཙོད་གྲོང་དུ་བཏབ་པ་རེད། འདི་ལས་མི་རིགས་འཆམ་མཐུན་དང་གཙོད་གྲོང་གི་ན་གཞོན་དག་གི་སྤྲོ་སེམས་དང་ཕུགས་འདུན་མངོན་ཡོད།
     《གཙོད་གྲོང་གི་ལས་དབང》བརྙན་གཏོང་དང་ཡུལ་སྐོར་ངོ་སྤྲོད་བྱེད་སྒོའི་སྟེང་གཙོས་གྲོང་ཁྱེར་གྱི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་འོད་སྐྱིད་འཚོས་བརྙན་ཕྲན《གཙོད་གྲོང་གི་ལས་དབང》ལས་རང་བྱུང་གི་མཛེས་པ་དང་དམངས་སྲོལ་གྱི་མཛེས་པ། ཆོས་ལུགས་ཀྱི་མཛེས་པ། འཆམ་མཐུན་གྱི་མཛེས་པ་དག་ལྟད་མོ་བའི་མིག་གི་དགའ་སྟོན་དུ་བསྟར་བ་ཡིན་ལ། སྤྲོ་སེམས་དང་བདེ་སྐྱིད་ཀྱིས་ཁེངས་ཤིང་བག་ཆགས་དང་དྲང་བདེན་ལ་གཞོལ་བ། མི་ཡུལ་གྱི་དག་ཞིང་དུ་འབོད་པའི་གཙོས་གྲོང་གིས་ལྟད་མོ་བའི་སེམས་ཁོངས་སུ་མཛེས་སྡུག་གི་བར་སྟོང་ཞིག་བསྐྲུན་ཐུབ་པའི་སྨོན་འདུན་ཞུ་ཞེས་བཤད།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།