རྫ་ཆུའི་མགོ་ཁུངས་ཏེ་རྫ་སྟོད་ཅེས་པའི་བརྙན་ཕྲན་ཟི་ལིང་དུ་སྟོན་འཆར་ཡོད་པ།
རྫ་ཆུའི་མགོ་ཁུངས་ཏེ་རྫ་སྟོད་ཅེས་པའི་བརྙན་ཕྲན་ཟི་ལིང་དུ་སྟོན་འཆར་ཡོད་པ།
རྫ་ཆུའི་མགོ་ཁུངས་ཏེ་རྫ་སྟོད་ཅེས་པའི་བརྙན་ཕྲན་ཟི་ལིང་དུ་སྟོན་འཆར་ཡོད་པ།
རྫ་ཆུའི་མགོ་ཁུངས་ཏེ་རྫ་སྟོད་ཅེས་པའི་བརྙན་ཕྲན་ཟི་ལིང་དུ་སྟོན་འཆར་ཡོད་པ།
སྤྱི་ཟླ11པའི་ཚེས11ཉིན། ལོ་ཕྱེད་རིང་ཕབ་བསྐྲུན་སྒྲིག་བཟོ་བྱས་པའི་རྫ་ཆུའི་མགོ་ཁུངས་ཏེ་རྫ་སྟོད་ཅེས་པའི་བརྙན་ཕྲན་ཟི་ལིང་དུ་སྟོན་རྒྱུ་རེད།
བརྙན་ཕྲན་འདི་ནི་ཀྲུང་གུང་རྫ་སྟོད་རྫོང་ཨུ་དང་རྫ་སྟོད་རྫོང་སྲིད་གཞུང་། རྡོ་རྗེ་ཕ་ལམ་ནག་པོའི་རྒྱལ་སྤྱིའི་སྨྱན་བྱད་དང་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པའི་རྫ་ཆུའི་མགོ་ཁུངས་ཀྱི་བརྙན་ཕྲན་ཐོག་མ་རྫ་སྟོད་ཅེས་པ་དེ་ནི་ཕྱི་རྒྱལ་གྱི་སློབ་ཆེན་སློབ་མའི་དངོས་བྱུང་འཚོ་བ་གཙོར་བཟུང་བ་སྟེ། ཨ་རིའི་སི་ཏན་ཧྥུ་སློབ་ཆེན་མི་ཆོས་སློབ་གླིང་གི་སྐྱེས་མ་སཱར་རུའུ་ཡིས་རང་གི་རབ་འབྱམས་པའི་མཐར་ཕྱིན་དཔྱད་རྩོམ་ལེགས་འགྲུབ་འབྱུང་བར་མཚོ་སྔོན་རྫ་ཆུའི་མགོ་ཁུངས་ཏེ་རྫ་སྟོད་དུ་ཡུལ་དངོས་རྟོག་ཞིབ་བྱས་ཤིང་། སྦྲ་གུར་ཆུང་ངུའི་ནང་ཉིན་གསུམ་ལ་བསྡད་རྗེས་གསའ་ཞིག་མོའི་པར་ཆས་ཀྱི་ཤེལ་སྒོ་རུ་མཐོང་ནའང་། བསམ་ཡུལ་ལས་འདས་པར་གསའ་དེ་ཁམས་པའི་ཕོ་རྒོད་བཀྲ་ཤིས་ཀྱིས་པར་བདའ་བྱུང་། མ་གཞི་གསའ་ཡིས་བཀྲ་ཤིས་ཀྱི་ཕྱུག་བཟའ་བ་རེད། ཡིན་ཡང་འདིར་བརྒྱུད་དེ་བཀྲ་ཤིས་དང་སཱར་རུའུ་ངོ་ཤེས་བྱུང་། བཀྲ་ཤིས་ཀྱིས་སཱར་རུའུ་ཁྲིད་ནས་གསའ་པར་བླངས་པ་མ་ཟད་ཁོ་མོར་ངོ་མཚར་ཆེ་བའི་དུས་སྐབས་ཤིག་བསྐྱེད་ཅིང་། དལ་བ་དལ་བུར་མོ་བཀྲ་ཤིས་ལ་དགའ་ཚོར་བྱུང་། ཡིན་ཡང་བཀྲ་ཤིས་ལ་སྡུག་མཉམ་ཁུར་གྱི་མཛའ་མོ་ཡོད་པ་རེད།
བརྙན་ཕྲན་འདིར་རྫ་སྟོད་ཀྱི་རང་བྱུང་མཛེས་རྣམ་དང་། རི་སྐྱེས་སྲོག་ཆགས། ངོ་མཚར་ཆེ་བའི་ཆོས་ལུགས་རིག་གནས། མི་རིགས་ཀྱི་འཚོ་རྣམ། གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་རྣམ་པ་བརྗོད་ཡོད་པ་མ་ཟད། རྒྱལ་སྤྱིའི་རྣམ་པ་དང་ཁྱབ་སྒྲོག་ནུས་པའི་སྒྱུ་རྩལ་མཚོན་ཐབས་ཀྱིས་འབྲེལ་ཡོད་གསའ་དང་། རྫ་ཆུ། དབྱར་རྩྭ་དགུན་འབུ། སྒྲུང་བ། ཡུལ་ཤུལ་བསྐྱར་བསྐྲུན་སོགས་གཏམ་རྒྱུད་རབས་དང་རིམ་པ་བརྗོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com