ང་ཡི་ཕ་ཡུལ། ང་ཡི་གཏམ་རྒྱུད་ཅེས་པའི་ཆེད་སྒྲིག་ལེ་ཚན་བྲ་ཚ་ཡུལ་དུ་ཕབ་སྐྲུན་བྱས།
ཐེངས་འདིའི་ཕབ་སྐྲུན་བྱེད་ཡུལ་ཐེམ་ཆེན་རྫོང་བྲག་དམར་ཞང་།
བཅར་འདྲིའི་ཡུལ་དངོས།
ཡུལ་དངོས་ནས་བརྙན་ཕབ་བྱེད་བཞིན་པ།
ཡུལ་དངོས་ནས་བརྙན་ཕབ་བྱེད་བཞིན་པ།
སྤྱི་ཟླ7པའི་ཚེས27ཉིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་བཞིན་པའི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཆེད་སྒྲིག་ལེ་ཚན་ཏེ་ང་ཡི་ཕ་ཡུལ། ང་ཡི་གཏམ་རྒྱུད་ཅེས་པའི་ཕབ་སྐྲུན་ཚན་ཆུང་ཐེམ་ཆེན་རྫོང་བྲག་དམར་ཞང་དུ་འབྱོར་བ་དང་། བྲག་དམར་ཞང་བྲ་ཚ་ཡུལ་དུ་ཐེངས་འདིའི་ཕབ་སྐྲུན་བྱེད་འགོ་བརྩམས།
ད་ལོ་ནི་རང་རྒྱལ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལོན་པའི་ལོ་ཡིན་ལ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་མཐའ་དག་ལག་ལེན་དོན་འཁྱོལ་བྱེད་པའི་གལ་འགངས་ཆེ་བའི་ཆེས་ཐོག་མའི་ལོ་ལའང་འཁེལ་ཡོད་པས། མེས་རྒྱལ་གྱི་ས་ཁུལ་སོ་སོ་ན་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བཞིན་ཡོད་པར་མ་ཟད། མུ་མཐུད་དུ་རླབས་ཆེན་གྱི་བྱ་བཞག་སྟེ་བཅོས་བསྒྱུར་སྒོ་འབྱེད་བྱ་བར་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་ལས་ལ་བྲེལ་གྱིན་མཆིས།
མདོ་འཛིན་པ་ལྕགས་ཐར་ཚེ་རིང་དང་དབང་རྒྱལ་ཚེ་རིང་།
བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་གླུ་རུ་ལེན་པ།
བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་གླུ་རུ་ལེན་པ།
ཕབ་སྐྲུན་བྱ་བ་བདེ་བླག་ངང་མཇུག་སྒྲིལ།
ཐེངས་འདིར་ང་ཚོའི་ཕབ་སྐྲུན་བྱེད་ཡུལ་གྱི་ས་ཚུགས་དང་པོ་སྟེ་བྲག་དམར་ཞང་ནི་ཐེམ་ཆེན་རྫོང་གི་བྱང་ཤར་ཏེ་རྫོང་མཁར་དང་སྤྱི་ལེ་སོ་བཞི་ཡོད་པའི་མཚམས་སུ་ཆགས་ཡོད་པའི་ཕྱུགས་ལས་རྐྱང་རྐྱང་གཉེར་གྱིན་པའི་ཞང་ཞིག་ཡིན་ལ། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་ལ་ཞང་འདི་ཡང་མེས་རྒྱལ་གྱི་ས་ཁུལ་གཞན་དག་དང་འདྲ་བར་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་སོགས་ཕྱོགས་གང་ཅིའི་ཐད་ནས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས་ན། ཕབ་སྐྲུན་ཚན་ཆུང་གིས་ཉིན་གཅིག་གི་དུས་ཚོད་སྤྱད་ནས་བྲག་དམར་ཞང་གི་འབྲེལ་ཡོད་འགོ་ཁྲིད་དང་ལས་རིགས་གསར་སྐྲུན་གྱི་སྔོན་ཐོན་འཇོན་མི། དམངས་གཉེར་མཉམ་ལས་ཁང་གི་འཐུས་ཚབ་མི་སྣ། སྡེ་བ་སོ་སོའི་སྡེ་དཔོན་བཅས་ལ་དེའི་སྐོར་གྱི་ཁ་བརྡ་དང་བཅར་འདྲི་བྱས་པ་དང་། དུས་མཚུངས་སུ་རིག་རྩལ་འཁྲབ་སྟོན་བྱེད་པའི་རྣམ་པ་བརྒྱུད་ནས་བྲག་དམར་ཞང་གི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས།
ཐེམ་ཆེན་རྫོང་དང་བྲག་དམར་ཞང་གི་འགོ་ཁྲིད་དང་མང་ཚོགས་རྣམས་ཀྱི་རོགས་སྐྱོར་འོག ཕྱི་དྲོའི་ཆུ་ཚོད་དྲུག་སྟེང་ཐེངས་འདིའི་ཕབ་སྐྲུན་བྱ་བའི་ལས་རིམ་བདེ་བླག་ངང་ཡོངས་སུ་མཇུག་སྒྲིལ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com