གེ་སར་ཟློས་གར《རྒྱ་ཚ་ཞལ་དཀར》ཞེས་པ་བསྐྱར་བཅོས་བྱས་རྗེས་ཀྱི་འཁྲབ་ཚན་ཐོག་མ།
ཟློས་གར《རྒྱ་ཚ་ཞལ་དཀར》ཞེས་པ་བསྐྱར་བཅོས་བྱས་རྗེས་ཀྱི་འཁྲབ་ཚན་ཐོག་མ།
མདའ་འཕེན་འགྲན་བསྡུར་བྱེད་པ།
ཟླ3ཚེས17ཉིན་གྱི་དགོང་མོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཙོ་སྒྲུབ་གནང་ཞིང་། 2010ལོའི་ཟླ8པར་དངོས་སུ་འཁྲབ་སྟོན་བྱས་པའི་གེ་སར་ཟློས་གར་ཐོག་མ་སྟེ《རྒྱ་ཚ་ཞལ་དཀར》ཞེས་པ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་ཟློས་གར་ར་བ་རུ་བསྐྱར་བཅོས་རྗེས་ཀྱི་འཁྲབ་ཚན་ཐོག་མ་སྤེལ་བ་དང་། འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ་གང་མང་ཐེངས་འདིའི་མཛད་སྒོ་ལ་ཞུགས་ཏེ་འཁྲབ་སྟོན་ལ་མྱོང་སྣང་བྱས་པ་རེད།
མ་སེང་ལྕམ་འབྲུག་མོ།
གཟིགས་མོ་ལྷན་རྒྱས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་འཁྲབ་སྟོན་ལ་རོལ་མྱོང་བྱེད་པ།
ཧོར་གུར་དཀར་རྒྱལ་བོ།
འཁྲབ་སྟོན་མ་བྱས་པའི་སྔོན་དུ། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་འགོ་གཙོ་སུན་ཡཱན་གྱིས་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཐེངས་འདིའི་མཛད་སྒོ་ལ་ཞུགས་པའི་འགོ་ཁྲིད་དང་ཆེད་མཁས། གཟིགས་མོ་བ་ལྷན་རྒྱས་ལ་སྙིང་ཐག་པ་ནས་དགའ་བསུ་ཞུས་ཤིང་། མོས“ 《རྒྱ་ཚ་ཞལ་དཀར》ནི་མཚོ་ལྷོ་ཁུལ་གྱི་རིག་གནས་བཟོ་བཀོད་ཆེན་པོ་ཞིག་ཡིན་པ་དང་། མིག་སྔའི་བར་ལོ་གསུམ་གྱི་བརྩོན་པ་བརྒྱུད་དེ་འཆར་འགོད་དང་གྲ་སྒྲིག་སོགས་ཀྱི་བྱ་ལས་སྒྲུབ་ཐོག ཀྲུང་གོའི་འཁྲབ་སྟོན་པའི་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཁྱབ་བསྒྲགས་པུའུ། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐཱིན་སོགས་ཀྱི་ཚད་མཐོའི་རྒྱབ་སྐྱོར་ཐོབ་སྟེ2010ལོའི་ཟླ8པར་ཟི་ལིང་དུ་འཁྲབ་སྟོན་ཐོག་མ་ལེགས་འགྲུབ་བྱུང་རྗེས། མཚོ་ལྷོ་ཁུལ་ཟློས་གར་འགོ་ཁྲིད་ཚན་ཆུང་གིས་མྱུར་དུ་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་གདན་ཞུ་བྱས་ནས་ཆེད་དོན་གླེང་མོལ་ཚོགས་འདུ་བསྡུས་ཤིང་། “ལྔའི་གཅིག”བཟོ་བཀོད་ཀྱི་ལུགས་ལྟར། བརྗོད་དོན་རང་བཞིན་དང་། བསམ་བློའི་རང་བཞིན། སྒྱུ་རྩལ་རང་བཞིན་སོགས་ཀྱི་ཆ་ནས་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་ཀྱི་བསམ་འཆར་དེང་ལེན་སྒོས་ལེགས་བཅོས་དང་འཁྲབ་སྒྲིག་བྱས་པ་རེད”ཟེར།
གར་འཁྲབ་བཞིན་པ།
བྲོ་གར་འཁྲབ་པ།
《རྒྱ་ཚ་ཞལ་དཀར》འཁྲབ་སྟོན་བྱེད་བཞིན་པ།
ཐེངས་འདིའི་བསྐྱར་བཅོས་རྗེས་ཀྱི་འཁྲབ་སྟོན་ལ་སྔོན་དང་བསྡུར་ན་ཁྱད་ཆོས་སྣ་བཞི་ལྡན་ཏེ། དང་པོ་ནི་རྒྱ་ཚའི་མ་ཡུམ་གྱི་འཁྲབ་སྟོན་ཁ་གསབ་སྒོས་མི་རིགས་མཐུན་སྒྲིལ་བྱེད་པའི་བོད་རྒྱ་གཉེན་འབྲེལ་གྱི་བརྗོད་བྱ་འབུར་དུ་བཏོད་པ་དང་། གཉིས་པ་ནི་བོད་རིགས་དམངས་སྲོལ་འཁྲབ་སྟོན་ཁ་གསབ་བྱས་པ་སྟེ་མདའ་འཕེན་པ་དང་། རྡོ་འཕང་པ། འཇུ་རེ་བྱེད་པ་སོགས་བྱས་ནས་ས་གནས་ཀྱི་ཁྱད་ཆོས་དང་དམངས་སྲོལ་རིག་གནས་ཀྱི་མཛེས་སྡུག་མཚོན་པར་བྱས་པ་མ་ཟད། བོད་རིགས་སྲོལ་རྒྱུན་འཁྲབ་སྟོན་གྱི་ཁྱད་ཆོས་མངོན་པར་བཏོད་པ་སྟེ་བྲོ་གར་དང་པི་ཝང་དཀྲོལ་ཏེ་གར་འཁྲབ་པ་སོགས་རྣམ་པ་ལེགས་པའི་སྒོ་ནས་འཁྲབ་སྟོན་བྱས་པ། གསུམ་པ་ནི་འཁྲབ་སྟོན་པ་རྣམས་ཀྱིས་སྤྲོ་སེམས་ཆེན་པོས་ཁྱད་འཕགས་ཀྱི་སྒྱུ་རྩལ་འཁྲབ་སྟོན་གནང་བ། བཞི་བ་ནི་རྒྱན་གོས་དང་འཁྲབ་ཆས་སོགས་སྔར་ལས་ལེགས་བཅོས་དང་ཕུན་སུམ་ཚོགས་པའི་བོད་རིགས་རྒྱན་ཆས་རིག་གནས་མངོན་པར་མཚོན་པ་རེད།
པུའུ་ཀྲང་ཅི་ཏེའེ་མཱ་ཅཱ་ཡིས་ཡུལ་དངོས་ནས་འཁྲབ་སྟོན་ལ་གདེང་འཇོག་བྱེད་བཞིན་པ།
འཁྲབ་སྟོན་མཇུག་སྒྲིལ་རྗེས། འབྲེལ་ཡོད་འགོ་ཁྲིད་དང་འཁྲབ་སྟོན་པ་ཚོ་ལྷན་དུ་པར་བསྐྱོན་པ།
འཁྲབ་སྟོན་མཇུག་རྫོགས་རྗེས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཅི་ཏེའུ་མཱ་ཅཱ་དང་ཀྲུང་གོའི་འཁྲབ་སྟོན་པའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥིན་ཧྲུང་པད། དགེ་རྒན་ཆེན་མོ་གསར་དགའ་སོགས་ཀྱིས་ཡུལ་དངོས་ནས་གདེང་འཇོག་མཐོན་པོ་བྱས་ཤིང་། པུའུ་ཀྲང་ཅི་ཏེའུ་མཱ་ཅཱ་ཡིས“《གེ་སར》འཁྲབ་གཞུང་འདི་གར་སྟེགས་སུ་འཁྲབ་པ་ནི་གསར་གཏོད་ཞིག་ཡིན་ཏེ། སྔོན་ཆད་བོད་ཁུལ་གཞན་དུ་བོད་ཀྱི་འཁྲབ་གཞུང་ཁག་ལ་ལེགས་བཅོས་གང་མང་གནང་ནའང་། 《གེ་སར》འཁྲབ་གཞུང་འདི་ཟློས་གར་དུ་བསྒྱུར་བ་ནི་ཆེས་ཐོག་མ་ཡིན་ཞིང་། ཁྱད་དུ་འཕགས་པའི་མི་རིགས་རིག་གནས་གར་སྟེགས་སུ་མངོན་པ་ལ་དོན་སྙིང་གལ་ཆེན་ལྡན་ལ། མི་རིགས་རིག་གནས་ཡར་སྤེལ་བྱེད་པར་གཟེངས་སུ་ཐོན་པའི་མི་སྣ་གང་མང་ཟབ་ཞུགས་བྱས་ཤིང་། ལྷག་པར་དུ་མཚོ་སྔོན་གྱི་སྒྱུ་རྩལ་པ་གང་མང་གིས་སེམས་ཤུགས་བསྐྱེད་པ་རེད། རྗེས་ཕྱོགས་མུ་མཐུད་དུ་ཁྱབ་སྤེལ་སྒོས་མཚོ་སྔོན་གྱི་རིག་གནས་རྣམ་པ་ཆགས་སུ་འཇུག་པ་དང་མཚོ་སྔོན་གསར་བར་སྔར་ལས་ལྷག་པར་ནུས་ཤུགས་འདོན་སྤེལ་བྱེད་དགོས”ཞེས་བཤད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com