འགུལ་རིས་གློག་བརྙན《འབྲོག་ཁྱི་རྡོ་རྗེ》ཞེས་པའིMVརྒྱལ་ཡོངས་སུ་སྟོན་རྒྱུ་ཡིན་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཞིན་ལིང་དྲ་བ།   དུས་ཚོད།:2011-03-24 09:07:00 ཀློག་གྲངས།:


བོད་རིགས་ན་གཞོན་གླུ་མ་ཨ་ལན་གྱིས་གློག་བརྙན་གྱི་གླུ་དབྱངས་ལེན་པ།


གློག་བརྙན་གྱི་པར་རིས།

            ཀྲུང་གོ་དང་ལྗར་པན་གཉིས་ཀྱིས་མཉམ་ལས་བྱས་ནས་བརྙན་ཕབ་བྱས་པའི་འགུལ་རིས་གློག་བརྙན་ཐོག་མ་《འབྲོག་ཁྱི་རྡོ་རྗེ》ཞེས་པ2011ལོའི་ཟླ6པའི་ཚེས28ཉིན་རྒྱལ་ཡོངས་སུ་སྟོན་རྒྱུ་ཡིན་ཞིང་། གློག་བརྙན་དེ་ནི་ཡང་ཀྲི་ཅུན་གྱི་སྒྲུང་རིང་《འབྲོག་ཁྱི》གཞིར་བཟུང་ནས་བསྒྲིགས་པ་དང་། ཀྲུང་གོའི་ཁྱི་མཚོག་འབྲོག་ཁྱི་བརྗོད་བྱར་བྱས་ནས་གསར་དུ་བསྒྲིགས་པའི་གློག་བརྙན་ཞིག་ཡིན།


བརྙན་རིས།


བརྙན་རིས།


མཐོ་སྒང་།

            《འབྲོག་ཁྱི་རྡོ་རྗེ》ཞེས་པའི་ནང་དུ་ཨ་མ་རྒྱ་རིགས་ཡིན་པའི་ལོ་ན་བཅུ་ཅན་གྱི་བུ་ཕྲུག་ཐེན་ཅིན་གྱིས་རང་ཉིད་ཀྱི་མ་ཡུམ་སྙུང་ནད་ཀྱིས་འཆི་བས། བོད་ཁུལ་དུ་བསྐྱོད་དེ་རང་གི་ཕ་ལྷ་དགེ་བའི་གམ་དུ་མི་འགྲོ་ཐབས་མེད་བྱུང་བ་རེད། ཉིན་ཞིག་ལ་ཐེན་ཅིན་གྱིས་རྩྭ་ཐང་དུ་འབྲོག་ཁྱི་སེར་པོ་ཞིག་གི་སྲོག་བསྐྱབས་པ་དང་། ཁྱིའི་མིང་ལ་རྡོ་རྗེ་གཡུང་དྲུང་ཞེས་སུ་བཏགས་ནས་མཉམ་དུ་འཚོ་བ་རོལ་འགོ་བརྩམས། ཡིན་ནའང་བདེ་སྐྱིད་ཀྱི་ཉིན་མོ་ཡུན་མི་རིང་པར། རྩྭ་ཐང་དུ་མི་ཟོག་ལ་གནོད་པའི་དོན་རྐྱེན་སྔ་གཞུག་ཏུ་བྱུང་བ་དང་། ཚང་མས་རྡོ་རྗེ་ལག་དམར་དུ་དོགས་པ་ན། ཐེན་ཅིན་གྱིས་རྡོ་རྗེ་གཡུང་དྲུང་འཁྲིད་དེ་བྲོས་བྱོལ་དུ་ཕྱིན་པ་དང་། མཐར་གངས་རིའི་ཁྲོད་དུ་འབྱོར། གངས་རིའི་སྟེང་དུ་འབྱོར་རྗེས་ཁོང་ཚོ་ལག་དམར་ངོ་མ་དང་འཕྲད་ནས་གཡུལ་འཐབ་ཀྱི་འགོ་བརྩམས་ཚུལ་བརྗོད་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།